e-texts navigator
Collection
Volume
Page
Wylie

287a1 སོ་སོར་རྟོག་པ་དང་། རྟོག་པས་དོན་གྱི་རྣམ་པ་ཁོང་དུ་ཆུད་པའོ།། གཞན་ཡང་གསུམ་སྟེ། ཉན་ཐོས་རྣམས་ལ་འཕགས་པའི་བདེན་པའི་སྒྲའི་རྗེས་སུ་ཞུགས་པས། རྣམ་པར་གྲོལ་བའི་ཚུལ་སྟོན་པ་དང་།
287a2 རང་སངས་རྒྱས་རྣམས་ལ་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་ཆེ་གཅིག་ཏུ་བྱས་པས་རྣམ་པར་གྲོལ་བའི་ཚུལ་སྟོན་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ལ་ཕ་རོལྡ་ཏུ་ཕྱིནད་པ་དྲུག་ལ་སྤྱོད་པས། རྣམ་པར་གྲོལ
287a3 པའི་ཚུལ་སྟོན་པའོ།། གཞན་ཡང་གསུམ་སྟེ། གཏོང་བ་དང་། གཏོང་བ་ཆེན་པོ་དང་། ཤིན་ཏུ་གཏོང་བའོ།། དེ་ལ་གཏོང་བ་ནི་རིན་པོ་ཆེ་ཐམས་ཅད་གཏོང་བའོ།། གཏོང་པ་ཆེན་པོ་ནི་ཆུང་མ་དང་། བུ་དང་བུ་མོ་ཡོངས
287a4 གཏོང་བའོ།། ཤི་ནད་ཏུ་གཏོང་བ་ནི་ལག་པ་དང་རྐང་པ་དང་། མྱིག་དང་མགོ་ཡོངས་སུ་གཏོང་བའོ།། གཞན་ཡང་གསུམ་སྟེ། དམ་པའི་ཆོས་ཡོངས་སུ་འཛིན་པ་དང་། ཆོས་སྨྲ་བ་ཡོངས་སུ
287a5 འཛིན་པ་དང་། ཐེག་པ་ཆེན་པོ་ཡོངས་སུ་འཛིན་པའོ།། གཞན། ཡང་གསུམ་སྟེ། འཁོར་བ་རྒྱུན་མྱི་གཅོད་པ་དང་། འཁོར་བའི། སྐྱོན་ཁོང་དུ་ཆུད་པ་དང་། འཁོར་བའི་སྐྱོན་ཡོངས་སུ་སྤོང་བའོ།།
287a6 གཞན་ཡང་གསུམ་སྟེ། སྒྲིབ་པ་དང་བྲལ་བ་སེམས་ཀྱིས་ཆོས་ཉན་པ་དང་། ཀུན་ནས་ལྡང་བ་མྱེད་པའི་སེམས་ཀྱིས་ནང་དུ་ཡང་དག་འཇོག་པ་དང་། འབྱུང་བའི་སེམས་ཀྱིས་ཡང་དག་པར་བསྒྲུབ་པའོ།། ག
287a7 ཡང་གསུམ་སྟེ། དོན་ལ་རྟོན་པའི་ཐོས་པ་དང་། ཡེ་ཤེས་ལ་རྟོད་པའི་སོ་སོར་རྟོག་པ་དང་། ཆོས་ལ་རྟོན་པའི་རྣམ་པར་གྲོལ་བའོ།། གཞན་ཡང་གསུམ་སྟེ། མང་དུ་ཐོས་ཏེ་དགོན་པ་ན་གནས་པ་དང་། དཀོན་པ་དྲུགན
287a8 ཏེ། ཚུལ་བཞིན་དུ་ཡིད་ལ་བྱེད་པ་ལ་རབ་ཏུ་བརྩོན་ཏེ། ཆོས་ཐམས་ཅད་རྗེས་སུ་རྟོགས་པའོ།། གཞན་ཡང་གསུམ་སྟེ། མཁས་པ་རྣམས་ལ་སྙེན་བཀུར་བྱེད་པ་དང་། མར་དུ་ཟོས་པ་རྣམས་ལ་འདྲི་བ་དང་། སེཾས
287a9 ཅན་ནས་ཀུསུ་བསྲུང་བའོ།། གཞན་ཡང་གསུམ་སྟེ། བང་བིར་མྱེད་པའི་སེམས་ཀྱིས་ཆོས་སྦྱིན་པ་དང་། ཆོས་ཉན་པའ་རྣམས་ལ་བྱམས་པ་ཉེ་བར་བསྒྲུབ་པ་དང་། ཐམས་ཅད་མཁྱེནད་པའི་སེམས་མངོན་དུ་བྱེད་པའི་ལསོ།།




iiif viewer powered by OpenSeadragon

286b - 287b

Texts on this page

Ng4.3 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo