| e-texts navigator |
| Wylie |
286b1 སྦྱོར་བ་རྒྱུན་མྱི་འཆད་པར་གནས་སོ།། གཞན་ཡང་གསུམ་སྟེ། ཏིང་ངེ་འཛིན་ཡོངས་སུ་དག་པར་བྱ་བའི་ཕྱིར། ལྷག་པའི་ཚུལ་ཁྲིམས་ལ་སློབ་པ་དང་། ཤེས་རབ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་ལྷག་པའི་སེམས།
286b2 ལ་སློབ་དང་། རྣམ་པར་གྲོལ་བ་ཡོངས་སུ་རྫོགས་པར་བྱ་བའི་ལྷག་པའི་ཤེས་རབ་ལ་སློབ་པའོ།། གཞན་ཡང་གསུམ་ཏེ། བདེ་བའི་ཚོར་བ་ལ་རྗེས་སུ་འཆགས་པ་སྤོར་བ་དང་། སྡུག་བསྔལ་གི་ཚོར་བ་ལ་ཁོང་ཁྲོ་བ་སྤོང་བ་ད
286b3 སྡུག་བསྔལ་ཡང་བྱེད་པ་བདེ་བ་ཡང་མྱེད་པའི་ཚོར་བ་ལ་མ་རིཀ་པ་སྤོང་བའོ།། གཞན་ཡང་གསུམ་སྟེ། མངོན་པར་འདུ་བྱ་བ་མྱེད་པས་རྒྱུ་ལས་ལྡོག་པ་དང་། ཡོངས་སུ་མྱི་རྟོག་པས་ཉོན་མོངས་པ་ལས་ལྡོག་པ་དང་། སྨོན
286b4 པ་མྱེད་པས་ཁམས་གསུམ་ལས་ལྡོག་པའོ།། གཞན་ཡང་གསུམ་སྟེ། སྟོང་པ་ཉིད་ཀྱང་འདྲིས་པར་བྱེད་ལ་ལྟ་བ་དང་ཡང་བྲལ་བ་དང་། མཚན་མ་མེད་པ་ཡང་། འདྲིས་པར་བྱེད་པ་ལ། རྣམ་པར་རྟོག་པ་ཡང་ཉེ་བར
286b5 ཞི་བ་དང་། སྨོན་པ་མྱེད་པ་ཡང་འདྲིས་པར་བྱེད་པ་ཁམས་གསུམ། ཡང་འགོག་པའོ།། གཞན་ཡང་གསུམ་སྟེ། མྱིག་སྟོང་པ་ཉིད་དེ།། ར། གཟུགས་དབེན་པ་ཉིད་དང་། མྱིག་གི་རྣམ་པར་ཤེས་པ
286b6 གནས་པ་མྱེད་པའོ།། གཞན་ཡང་གསུམ་སྟེ། རྣ་བ་སྟོང་པ་ཉིད་དང་། སྒྲ་དབེན་པ་ཉིད་དང་། རྣ་བའི་རྣམ་པར་ཤེས་པ་ལ་གནས་པ་མྱེད་པའོ།། གཞན་ཡང་གསུམ་ཏེ། སྣ་སྟོང་པ་ཉིད་དང་། དྲི་དེ།
286b7 པ་ཉིད་དང་། སྣའི་རྣམ་པར་ཤེས་པ་གནས་པ་མྱེད་པའོ།། ཀུན་རྔ་གསུམ་སྟེ། གྱི་སྟོང་པ་ཉིད་དང་། རོ་དབེན་པ་ཉིད་དང་། ལྕེའི་རྣམ་པར་ཤེས་པ་གནས་པ་མྱེད་པའོ།། གཞན་ཡང་གསུམ་སྟེ། ལུས་སྟོང་པ་ཉིད་དང་།
286b8 རེག་པ་དབེན་པ་ཉིད་དང་། ལུས་ཀྱི་རྣམ་པར་ཤེས་པ་གནས་པ་མྱེད་པའོ།། གཞན་ཡང་གསུམ་སྟེ། ཡིད་སྟོང་པ་ཉིད་དང་། ཆོས་དབེན་པ་ཉིད་དང་། ཡིད་ཀྱི་རྣམ་པར་ཤེས་པ་གནས་པ་མྱེད་པའོ།། གཞན་ཡང
286b9 སྟེ། ཚུལ་ཁྲིམས་སྦེད་པ་དང་། ཏིང་ངེ་འཛིན་ཀུན་ཏུ་སྲུང་བ་དང་། ཤེས་རབ་ཀྱིས་རབ་ཏུ་འབྱེད་པ་ཤེས་པའོ།། གཞན་ཡང་གསུམ་ཏེ། དྲན་པས་དམ་པའི་ཆོས་ཀུན་ཏུ་འཛིན་པ་དང་། བློ་གྲོས་ཀྱིས་ཚུལ་བཞིན་དུ