| e-texts navigator |
| Wylie |
286a1 པས་དེ་ཁོ་ནའོ།། གཞན་ཡང་གསུམ་སྟེ། བདག་ཅི་འདྲ་ཞེས་བདག་ཤེས་པ་དང་། གཏམ་ཅི་འདྲ་བ་ཞིག་བྱ་ཤེས་སེམས་ཤེས་པ་དང་། དུས་སུ་གནས་པས་དུས་ཤེས་པའོ།། གཞན་ཡང་གསུམ་སྟེ། ཕུང་པོ་རྣམས
286a2 ལ་ཆོས་ཀྱི་ཕུང་པོ་དང་། མཉམ་པ་ཉིད་དང་། ཁམས་རྣམས་ལ་ཆོས་ཀྱི་དབྱིངས་དང་། མཉམ་པ་ཉིད་དང་། སྐྱེ་མཆེད་རྣམས་ལ་གྲོང་སྟོང་པ་ལྟར་སོ་སོར་རྟོག་པའོ།། གཞན་ཡང་གསུམ་སྟེ། རྒྱུའི་འབྲས་བུ་ཆུད་མྱི་གཟོན་པ
286a3 དང་། རྐྱེནད་རྣམས་ཀྱི་འཕེལ་བ་ལ་མཁས་པ་དང་། ཚོགས་ནས་ཕན་ཚུན་ཡང་དག་པར་འདུ་བའོ།། གཞན་ཡང་གསུམ་སྟེ། སངས་རྒྱས་དང་མྱི་འགལ་བ་དང་། ཆོས་མྱི་སྤོང་བ་དང་། དགེ་འདུན་ལ་ང་རྒྱལ་མྱེད་ཅིང་བླ་མར་གུས
286a4 པར་བརྙེན་བཀུར་བྱེད་པའོ།། གཞན་ཡང་གསུམ་སྟེ། འདོད་ཆགས་རབ་ཏུ་ཞི་བ་དང་། ཞེ་སྡང་དང་བྲལ་བ་དང་། གཏི་མུག་ཡང་དག་པར་བཅོམ་པའོ།། གཞན་ཡང་གསུམ་སྟེ། ཀུན་རྫོབ་ཀྱི་བདེན་པ་ལ་འཇུག་པ་དང་།
286a5 མཚན་ཉིད་ཀྱི་བདེན་པ་སྟོན་པ་དང་། དོན་དམ་པའི་བདེན་པ་ལ་གནས།། པའོ།། གཞན་ཡང་གསུམ་སྟེ། སེམས་ཅན་རྣམས་ལ་བརྙས་པ།། མྱེད་པ་དང་། སྦྱིན་གནས་རྣམས་ལ་རབ་ཏུ་འདུད་པ་དང་། ཉོན
286a6 མོངས་པ་རྣམས་སུ་མྱི་ལྟུང་བའོ།། གཞན་ཡང་གསུམ་སྟེ། འདོད་པ་འི་ཁམས་ཀྱིས་མྱི་གོས་པ་དང་། གཟུགས་ཀྱི་ཁམས་དང་མ་འདྲེས་པ་དང་། གཟུགས་མྱེད་པའི་ཁམས་དེ་ལ་མ་ཆགས་པའོ།། གཞན
286a7 ཡང་གསུམ་སྟེ། མ་རྙེད་པ་དང་མ་གྲགས་པ་དང་། སྨད་པ་དང་སྡུག་བསྔལ་རྣམས་ཀྱིས་སྲོ་ཤ་བ་མྱེད་པ་དང་། རྙེད་པ་དང་གྲགས་པ་དང་། བསྔགས་པ་དང་། བདེ་བ་རྣམས་ཀྱིས་ཁེངས་པ་མྱེད་པ་དང་། འཇིག་རྟེན་གི་ཆོས
286a8 བརྒྱད་དང་། མ་འདྲེས་པས་རི་ལྟར་མྱི་གཡོ་བའོ།། གཞན་ཡང་གསུམ་སྟེ། དབང་པོ་རྣམས་ཤིན་ཏུ་སྦས་པ་དང་། མ་དད་པ་རྣམས་ལས་ཤིན་ཏུ་གྲོལ་བ་དང་། སེམས་ཤིན་ཏུ་དུལ་བའོ།། གཞན་ཡང་གསུམ་སྟེ། སའི
286a9 ཡོན་ཏན་ལ་གནས་པ་དང་། སའི་ཉེས་པ་བཟློག་པ་ཤེས་པ་དང་། ས་ནས་སར་འཕར་བཤེས་པའོ།། གཞན་ཡང་གསུམ་སྟེ། བསམ་པ་གྱ་ནོམ་པ་ལ་གནས་པ་དང་། ལྷག་པའི་བསམ་པའི་ཁྱད་པར་གནས་པ་དང་།