| e-texts navigator |
| Wylie |
285a1 གཉིས་ནི་ཐེག་པ་ཆེན་པོ་ལ་གཅེས་སྦས་བྱེད་པའོ།། བློ་གྲོས་རྒྱ་མཚོ་ཆོས་གཉིས་ནི་ཐེག་པ་ཆེན་པོ་ལ་དཀའ་བ་བྱེད་པའི་སྟེ། གཉིས་གང་ཞེ་ན། སྐྱེ་བ་མྱེད་པ་ལས་སྐྱེ་བ་དང་། འབྱུང་བ་མྱེད་པ་ལས་འབྱུང
285a2 བ་སྟེ། བློ་གྲོས་རྒྱ་མཚོ་ཆོས་དེ་གཉིས་ནི་ཐེག་པ་ཆེན་པོ་ལ་དཀའ་བ་བྱེད་པའོ།། བློ་གྲོས་རྒྱ་མཚོ་གཞན་ཡང་ཐེག་པ་ཆེན་པོ་རྟོན་པར་འགྱུར་བའི་ཆོས་གསུམ་སྟེ། གསུམ་གང་ཞེ་ན། འདི་ལྟ་སྟེ། དགེ་བའི་ཚ་བས་བརྟན
285a3 ནས། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། དགེ་བའི་བཤེས་གཉེན་ཀྱིས་ཡོངས་སུ་ཟིན་པས་ཞུམ་པ་མྱེད་པ་དང་། སྙིང་རྗེ་ཆེན་པོ་ལ་རབ་ཏུ་གནས་པས་ཕྱིར་མྱི་ལྡོག་པ་སྟེ། བློ་གྲོས་རྒྱ་མཚོ་ཆོས་གསུམ་པོ་དེ་དག་ནི་ཐེག
285a4 པ་ཆེན་པོ་རྟོན་པར་འགྱུར་བའོ།། གཞན་ཡང་ཐེག་པ་ཆེན་པོ་རྟོན་པར་འགྱུར་བའི་ཆོས་གསུམ་སྟེ། གསུམ་གང་ཞེ་ན། ཚོགས་ཡོངས་སུ་ཚོལ་བ་དང་། ཚོགས་ལ་སོ་སོར་རྟོག་པ་དང་། ཚོགས་ལ་སེམས་ཅན་སྦྱོར།
285a5 བ་སྟེ། གསུམ་པོ་དེ་དག་གོ་གཞན་ཡང་གསུམ་སྟེ། གསུམ་ཀང་། ཞེ་ན། སེར་སྣ་ཚར་གཅོད་པ་དང་། གཏོང་བ་འཕེལ་བར་བྱེད་པ་ད། པ། བྱང་ཆུབ་ཏུ་ཡོངས་སུ་སྔོ་བ་སྟེ། གསུམ་པོ་དེ་དག་གོ།། ཆུ
285a6 ཁྲིམས་ཡང་དག་པར་འཛིནད་པ་དང་། ཚུལ་ཁྲིམས་འཆལ་པའི་སེམས་ཅན་ཡོངས་སུ་སྨྱིན་པར་བྱེད་པ་དང་། བྱང་ཆུབ་ཡོངས་སུ་བསྔོ་བའོ།། གཞན་ཡང་གསུམ་སྟེ། ཁོང་ཁྲོ་བ་མྱེད་པའི་སེམས
285a7 དང་། སེམས་ཅན་ཁྲོས་པ་དང་བར་བྱེད་པ་དང་། བྱང་ཆུབ་ཏུ་ཡོངས་སུ་བསྔོ་བའོ།། གཞན་ཡང་གསུམ་སྟེ། བཚོན་འགྲུས་མ་གོང་པ་དང་། སེམས་ཅན་ལེ་ལོ་ཅན་ཡོངས་སུ་སྦྱིན་པར་བྱེད་པ་དང་། བྱང་ཆུབ་ཏུ་ཡོངས་སུ་བསྔོ
285a8 པའོ།། གཞན་ཡང་གསུམ་སྟེ། བསམ་གཏན་སྐྱེད་པ་དང་། བསམ་གཏན་དེ་ལ་མ་ཆགས་པ་དང་། བྱང་ཆུབ་ཏུ་ཡོངས་སུ་སྔོ་བའོ་གཞན་ཡང་གསུམ་སྟེ། ཐོས་པ་ཡོངས་སུ་ཚོལ་བ་དང་། ཟོས་པ་ལ་སོ་སོར་རྟོག་པ་དང་།
285a9 བྱང་ཆུབ་ཏུ་ཡོངས་སུ་བསྔོ་བའོ།། གཞན་ཡང་གསུམ་སྟེ། སེམས་ཅན་ལ་དམྱིགས་པའི་བྱམས་པ་དང་། ཆོས་ལ་དམྱིགས་པའི་བྱམས་པ་དང་། དམྱིགས་པ་མྱེད་པའི་བྱམས་པའོ།། གཞན་ཡང་གསུམ་སྟེ། རང་གི