| e-texts navigator |
| Wylie |
284b1 གཅེས་སྦས་བྱེད་པའི་ཆོས་གཉིས་ཏེ། བདུད་ཀྱི་ལས་རྟོགས་པ་དང་། བདུད་ཀྱི་ལས་རྣམ་པར་སྤོང་བའོ།། དཀའ་བ་བྱེད་པའི་ཆོས་གཉིས་ཏེ། བདུད་ཐམས་ཅད་ལས་ཤིན་ཏུ་འདའ་བ་དང་། བདུད་ཐམས་ཅད་མྱི་མཐོར་བའོ།།
284b2 གཅེས་སྦས་བྱེད་པའི་ཆོས་གཉིས་ཏེ། མ་སྦས་པ་རྣམས་སྦས་པར་གྱི་བྱེད་པ་དང་། སྦས་པ་རྣམས་ལ་བཟོད་ཅིང་ངེས་པའོ།། དཀའ་བ་བྱེད་པའི་ཆོས་གཉིས་ཏེ།། གདོད་མ་ནས་སྦས་པ་མྱེད་པ་དང་། སྐད་གཅིག་ཏུ
284b3 འཇིགས་པར་སོ་སོར་རྟོག་པའོ།། གཅེས་སྨྲས་བྱེད་པའི་ཆོས་གཉིས་ཏེ།། སེམས་དང་པོ་བསྐྱེད་ན། བྱང་ཆུབ་ཀྱི་སྙིང་པོ་ལ་ལྭ་བ་དང་། བྱང་ཆུབ་ཀྱི་སྙིང་པོ་ལ་བསྡུས་ནས་ཐེག་པ་དམན་པ་ཀྱི་འདོད་པའོ།། དཀའ་བ
284b4 བྱེད་པའི་ཆོས་གཉིས་ཏེ། སེམས་དང་པོ་བསྐྱེད་པ། བྱང་ཆུབ་ཀྱི་སྙིང་པོའི་རྒྱུ་དང་། རྒྱུ་ལས་ཡང་དག་པར་བྱུང་བའི་དགེ་བའི་སེམས་བསྐྱེད་པ་རྣམས་ལ་མངོན་པར་ཞེན་པ་བྱེད་པའོ།། གཅེས་སྤྲས་བྱེད་པའི་ཆོས་གཉིས
284b5 ཏེ། འཁོར་བའི་རྒྱུད་བྱེད་པའི་ཀུན་ཏུ་སྦྱོར་བ་རྣམས་རྣམ་པར་གཙོ། སྙད་པ་དང་། དགེ་བའི་རྩ་བའི་རྒྱུན་བྱེད་པའི་སེམས་བསྐྱེད་པ་མྱི་འཇོ།། ར་བའོ།། དཀའ་བ་བྱེད་པའི་ཆོས་གཉིས་ཏེ། ཡུལཱན་མྱི་གནས
284b6 ཕྱོགས་ན་མྱི་གནས་པའི་དགེ་བའི་རྩ་པ་རྣམས་བྱང་ཆུབ་ཏུ་ཡོད་སུ་སྔོ་བ་དང་། བྱང་ཆུབ་ཏུ་ཡོངས་སུ་བསྔོས་པའི་སེམས་བསྐྱེད་པ་ན་མས་སྒྱུ་མའི་ཆོས་སུ་སོ་སོར་རྟོག་པའོ།། གཅེས་སྦས་བྱེད་པའི
284b7 ཆོས་གཉིས་ཏེ། བྱང་ཆུབ་སེམས་ཅན་གི་ཁདས་ལས་ཡང་དག་པར་རྗེས་སུ་མཐོང་བ་དང་། སེམས་ཅན་རབ་ཏུ་བ་རད་པ་བྱང་ཆུབ་ཀྱི་ཁ་ན་ལས་པར་ཡང་དག་པར་རྗེས་སུ་མཐོང་བའོ།། དཀའ་བ་བྱེད་པའི་ཆོས་གཉིས་ཏེ།
284b8 བྱང་ཆུབ་མཉམ་པ་ཉིད་པས་སེམས་ཅན་མཉམ་པ་ཉིད་དུ་སོ་སོར་རྟོག་པ་དང་། སེམས་ཅན་ཡོངས་སུ་སྦྱིན་པར་བྱ་བའི་ཕྱིར་བཚོན་འགྲུས་མྱི་འདོར་བའོ།། གློ་གྲོས་རྒྱ་མཚོ་ཐེག་པ་ཆེན་པོ་ལ་གཅེས་སྤྲས་བྱེད་པའི་ཆོས
284b9 གཉིས་ཏེ། གཉིས་གང་ཞེ་ན། དགེ་བའི་ཆོས་ཐམས་ཅད་བསགས་པའི་སེམས་བསྐྱེད་པ་དང་། སེམས་ཅན་ཐམས་ཅད་མྱ་ངན་ལས་འདས་པའི་ལམ་ལ་རབ་ཏུ་བགྲོད་པའི་ཕྱིར་སྙིང་རྗེ་བ་སྟེ། བློ་གྲོས་རྒྱ་མཚོ་ཆོས