| e-texts navigator |
| Wylie |
284a1 བདག་ཉིད་དད་པ་ལས་ཀྱི་གཡོ་བ་དང་། མ་དད་པ་རྣམས་ཀྱང་དད་པ་ལ་སྦྱོར་བ་འོ། དཀའ་བ་བྱེད་པའི་ཆོས་གཉིས་ཏེ།། སེམས་གསལ་བ་དང་སེམས་ཀྱི་གསལ་པ་རྣམས་དང་བར་བྱེད་པའོ།། གཅེས་སྤྲས་བྱེད།
284a2 པའི་ཆོས་གཉིས་ཏེ། བརྩོན་འགྲུས་ཀྱི་དབང་པོ་སྐྱེད་པའི་དང་། དྲན་པའི་དབང་པོ་མྱི་གཡེང་བའོ།། དཀའ་བ་བྱེད་པའི་ཆོས་གཉིས་ཏེ། ཤིན་ཏུ་རྣམ་པར་བྱེ་བས་རྣམ་པར་འབྱེད་པའི་བརྩོན་འགྲུས་དང་། སྟོང་པ་ཉིད་ཀྱི་རྣམ་པས
284a3 མངོན་པར་བསྒྲུབས་པའི་དྲན་པའོ།། གཅེས་སྦས་བྱེད་པའི་ཆོས་གཉིས་ཏེ། ཏིང་ངེ་འཛིན་དང་ཤེས་རབ་ཀྱི་དབང་པོའི་ཚོགས་ཡོངས་སུ་ཚོལ་བ་དང་། ཚོགས་ཡོངས་སུ་ཚོལ་བས་ཡོངས་སུ་གྱི་སྐྱོ་བའོ།། དཀའ་བ་བྱེད་པའི་ཆོས
284a4 གཉིས་ཏེ། རྒྱུ་བ་མྱེད་པ་ཤེ་པ་དང་སེམས་ཅན་ཡོངས་སུ་སྦྱིན་པར་བྱེད་པའི་ཕྱིར་ཡང་རྒྱུ་བའོ།། གཅེས་སྨྲས་བྱེད་པའི་ཆོས་གཉིས་ཏེ། ཉོན་མོངས་པ་ཐམས་ཅད་ལ་ཚུལ་བཞིན་གིས་སོ་སོར་རྟོག་པ་དང་།
284a5 ཉོན་མོངས་པ་སྐྱེས་པ་དང་། མ་སྐྱེས་པ་རྣམས་ལས་བྱུང་བ་ཡོངས་སུ་ཚོལ་བའོ།། དཀའ་བ་བྱེད་པའི་ཆོས་གཉིས་ཏེ། ཉོན་མོད།། ས་པ་མྱེད་པས་ཆོས་ཐམས་ཅད་དང་མྱི་འདྲེ་བ་དང་། སེམས་ཅན་ཞེས
284a6 ཅད་ཀྱི་ཉོན་མོངས་པ་སྤང་བའི་ཕྱིར་ཁམས་གསུམ་དུའང་འདྲེ་བའོ།། གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། བྱང་ཆུབ་ཀྱི་ཡན་ལག་སྒོམ་པའི་བརྩོན་འགྲུས་དང་། བྱང་ཆུབ་ཀྱི་ཡན་ལག་བསྟན་པའི་ལྷག་པའི་བསམ་པའོ།།
284a7 དཀའ་བ་བྱེད་པའི་ཆོས་གཉིས་ཏེ། བད་པ་ཤེས་པར་མྱི་ལྟུང་བ་དང་། མྱི་སྐྱེ་བ་ཞེས་པ་ལ་བཟོད་པའོ།། གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། ལམ་བགྲོད་པ་ལ་མཁས་པ་དང་། ལམ་མྱི་བགྲོད་པ་ལ་མཁས་པའོ།
284a8 དཀའ་བ་བྱེད་པའི་ཆོས་གཉིས་ཏེ། ལམ་གིས་འགྲོ་བ་ཤེས་པ་དང་། ལམ་རྒྱུད་ཀྱི་ཆད་པ་ཞེས་པའོ།། གཅེས་སྦས་བྱེད་པའི་ཆོས་གཉིས་ཏེ། རྟེན་ཅིང་འབྲེལ་པར་འབྱུང་བ་རི་རྗེས་སུ་འཐུན་པ་དང་། མཐར་ལྟར་བ་གཉིས
284a9 ཀ་ཡོངས་སུ་སྤོང་བའོ།། དཀའ་བ་བྱེད་པའི་ཆོས་གཉིས་ཏེ། རྒྱ་གར་དང་རྐྱེན་གང་གིས་སེམས་ཅན་རྣམས་ཀུན་ནས་ཉོན་མོངས་པར་འགྱུར་བ་དང་། རྒྱུ་གར་དང་རྐྱེན་གང་གིས་རྣམ་པར་དག་པར་འགྱུར་བ་དེ་ཤེས་པའོ།།