| e-texts navigator |
| Wylie |
283b1 དཀའ་བ་བྱེད་པའི་ཆོས་གཉིས་ཏེ། སླར་གྱི་བྱེད་པ་རྣམས་ལ་ཕྱིར་བྱེད་པ་དང་། ཕྱིར་བྱེད་པ་རྣམས་ལ་ཡང་རློམ་སེམས་མྱེད་པའོ།། གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། ལུས་ལ་ཞུགས་པའི་དྲན་པ་ཉེ་བར་གནས་པ་དང་། ལུས
283b2 ཡོངས་སུ་དག་པ་གནས་པའོ།། དཀའ་བ་བྱེད་པའི་ཆོས་གཉིས་ཏེ། ལུས་ལ་ལུས་ཀྱི་རྗེས་སུ་ལྟ་བ་དང་། ལུས་དང་ལྷན་ཅིག་སོར་བའི་ཛམ་རྟོག་པ་དེས་གྱི་རྟོག་པའོ།། གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། ཚོར་བ་ལ་ཞུགས་ཧཱ།
283b3 དྲན་པ་ལ་གནས་པ་དང་། བདེ་བ་དང་སྡུག་བསྔལ་གི་ཚོར་བ་གཉིས་ཀྱིས་མྱི་ཕྱིགས་པའོ།། དཀའ་བ་བྱེད་པའི་ཆོས་གཉིས་ཏེ། ཚོར་བ་རྣམས་ལ་ཚོར་བའི་རྗེས་སུ་ལྟ་བ་དང་། ཚོར་བ་དང་ལྷན་ཅིག་སོང་བའི་རྣམ་པར་རྟོག་པ།
283b4 རྣམ་པར་མྱི་རྟོག་པའོ།། གཅེས་སྤྲས་བྱེད་པའི་ཆོས་གཉིས་སྟེ། སེམས་ལ་ཞུགས་པའི་དྲན་པ་ལ་གནས་པ་དང་། སེམས་ཡོངས་སུ་དག་པ་ལ་གནས་པའོ།། དཀའ་བ་བྱེད་པའི་ཆོས་གཉིས་ཏེ། སེམས་ལ་སེམས
283b5 ཀྱི་རྗེས་སུ་ལྟ་བ་དང་། སེམས་དང་ལྷན་ཅིག་སོང་བའི་རྣམ་པར་རྟོག་པས། རྣམ་པར་མྱི་རྟོག་པའོ།། གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། ཆོས་ལ་ཞུགས་པའི་དྲན་པ་ལ་གནས་པ་དང་། ཆོས་རབ
283b6 ཏུ་རྣམ་པར་འབྱེད་པ་ཤེས་པའོ།། དཀའ་བ་བྱེད་པའི་ཆོས་གཉིས་ཏེ། ཆོས་རྣམས་ལ་ཆོས་ཀྱི་རྗེས་སུ་ལྟ་བ་དང་། ཆོས་དང་ལྷན་ཅིག་སོཔའི་རྣམ་པར་རྟོག་པས་རྣམ་པར་མྱི་རྟོག་པའོ།། གཅེས་སྤྲས་བྱེད
283b7 པའི་ཆོས་གཉིས་ཏེ། སྡིག་པ་མྱི་དགེ་བའི་ཆོས་སྐྱེ་བ་རྣམས་སྤོང་བ་དང་། དགེ་བའི་ཆོས་མ་སྐྱེས་པ་རྣམས་སྐྱེད་པའོ།། དཀའ་བ་བྱེད་པའི་ཆོས་གཉིས་ཏེ། སྡིག་པ་མྱི་དགེ་བའི་ཆོས་མ་སྐྱེས་པ་རྣམས་ཀྱི་སྐྱེད་པ་དང་། དགེ་འི
283b8 ཆོས་རྣམས་སྐྱེས་པ་རྣམས་ཀུན་ཏུ་བསྲུང་བའོ།། གཅེས་བསླས་བྱེད་པའི་ཆོས་གཉིས་ཏེ། འདུན་པ་དང་ཚོན་འགྲུས་དང་། སེམས་དཔ་དཔྱོད་པའི་རྫུ་འཕྲུལ་གི་རྐང་པ་བསྒོམ་པ་དང་། རྫུ་འཕྲུལ་གིས་འདུལ་བའི་སེམས་ཅན་ནས
283b9 འདུལ་བའོ།། དཀའ་བ་བྱེད་པའི་ཆོས་གཉིས་ཏེ། མངོན་པར་འདུ་བྱེད་པ་མྱེད་པའི་རྫུ་འཕྲུལ་རབ་ཏུ་ཐོབ་པ་དང་། ཆོས་ཀྱི་དབྱིངས་ལས་མ་གཡོས་པར་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་འགྲོ་བའོ།། གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ།