e-texts navigator
Collection
Volume
Page
Wylie

283a1 ཅན་ཐམས་ཅད་ཡོངས་སུ་སྐྱོབ་པའོ།། གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། འདོད་པ་ཆུང་པ་དང་། ཆོག་ཤེས་པའོ།། དཀའ་བ་བྱེད་པའི་ཆོས་གཉིས་ཏེ། རང་གི་ཉོན་མོངས་པ་ཆོས་པ་དང་། སེམས་ཅན་ཐམས
283a2 ཅད་ཀྱི་ཉོན་མོངས་པ་སྤང་བ་ཚོལ་བའོ།། གཅེས་སྦས་བྱེད་པའི་ཆོས་གཉིས་ཏེ། ངེས་པར་སེམས་པ་དང་། སོ་སོར་རྟོག་པའོ།། དཀའ་བ་བྱེད་པའི་ཆོས་གཉིས་ཏེ། རང་གི་འཁྲུལ་པ་ལ་རྟོག་པ་དང་། གཞན་གི་འཁྲུལ་པ་ལ
283a3 སྐྱོན་དུ་མྱི་ལྟ་བའོ།། གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། བདག་ལ་མྱི་སྟོང་པ་དང་། གཞན་ལ་མྱི་སྨོད་པའོ།། དཀའ་བ་བྱེད་པའི་ཆོས་གཉིས་ཏེ། བདག་ལ་བདག་མྱེད་པ་དང་། སེམས་ཅན་ལ་སེམས་ཅན་མྱེད་པའོ།།
283a4 གཅེས་སྦས་བྱེད་པའི་ཆོས་གཉིས་ཏེ། རང་གི་བྱེད་པ་དང་གཞན་གི་སྐབས་མྱི་རྙེད་པའོ།། དཀའ་བ་བྱེད་པའི་ཆོས་གཉིས་ཏེ། འཁོར་བ་ལས་ལྡོག་པ་དང་། འཁོར་བ་ནས་སེམས་ཅན་ཡོངས
283a5 སུ་ཐར་པར་བྱེད་པའོ།། ཀཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། ཕ་རོལ་ཏུ་ཕྱིནད་པ་ཡོངས་སུ་ཚོལ་བ་དང་། ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་བཙལ་བ་རྣམས་ལ་ཇི་སྐད་བསྟན་པ་བཞིན་ཀན
283a6 པའོ།། དཀའ་བ་བྱེད་པའི་ཆོས་གཉིས་ཏེ། གཞན་ལ་རག་མ་ལས་པ་འི་ཤེས་པ་རབ་ཏུ་འཐོབ་པ་དང་། གཞན་དག་ཀྱང་ཤེས་པ་ལ་རབ་ཏུ་སྦྱོར་བའོ།། གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། འཐོབ་པ་དང་བཀུར
283a7 སྟི་དང་། ཚོགསུ་བཅད་པ་དོན་དུ་མྱི་གཉེར་བ་དང་། དམ་པའི་ཆོས་ཡོངས་སུ་བཙལ་བ་དོན་དུ་གཉེར་བའོ།། དཀའ་བ་བྱེད་པའི་ཆོས་གཉིས་ཏེ། ཕན་མ་བཏགས་པ་རྣམས་ལ་ཡང་ཕན་འདོགས་པ་དང་། ཕན་བཏགས་པ
283a8 རྣམས་ལ་ཡང་ལྷག་པར་དགའ་བ་མྱེད་པའོ།། གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། བྱམས་པ་ཆེན་པོ་ཟུག་པ་མྱེད་པར་བྱས་པ་དང་། སྙིང་རྗེ་ཆེན་པོ་ཡོངས་སུ་ཆད་པ་མྱེད་པའོ།། དཀའ་བ་བྱེད་པའི་ཆོས་གཉིས་ཏེ།
283a9 རྒལ་ནས་འཇུག་པ་དང་། མ་རྒ་ལད་པ་རྣམས་སྒྲོལ་བའོ།། གཅེས་སྦས་བྱེད་པའི་ཆོས་གཉིས་ཏེ། སེམས་ཅན་ཐམས་ཅད་ཡོན་ཏན་ཡང་དག་པར་འཛིན་དུ་འཇུག་པ་དང་ཡོན་ཏན་མྱེད་པའི་སེམས་ཅན་རྣམས་ལ་ཆེར་སྙིང་རྗེ་འའོ།




iiif viewer powered by OpenSeadragon

282b - 283b

Texts on this page

Ng4.3 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo