e-texts navigator
Collection
Volume
Page
Wylie

282b1 པའོ།། གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། བྱམས་པ་བཟོ་བ་དང་། བྱས་པ་ཤེས་པའོ།། དཀའ་བ་བྱེད་པའི་ཆོས་གཉིས་ཏེ། འདུན་པའི་འདོད་ཆགས་སྤོང་བ་དང་། དགེ་བའི་ཆོས་ལ་འདུན་པ་མྱི་འདོར་པའོ།། གཅེས།
282b2 སྦས་བྱེད་པའི་ཆོས་གཉིས་ཏེ། སྡིག་པ་ཐམས་ཅད་འཆགས་པ་དང་། སྡིག་པ་ཐམས་ཅད་ཀྱི་བདེ་བའོ།། དཀའ་བ་བྱེད་པའི་ཆོས་གཉིས་ཏེ། འགྱོད་པ་མྱེད་པ་དང་། ཀུན་ནས་ལྡང་བ་མྱེད་པའོ།། གཅེས་སྤྲས་མྱེད་པའི་ཆོས
282b3 གཉིས་ཏེ། གཞན་གི་བསོད་ནམས་ཀྱི་རྗེས་སུ་ཡི་རང་བ་དང་། རང་གི་བསོད་ནམས་ཀྱིས་མྱི་ངོམས་པའོ།། དཀའ་བ་བྱེད་པའི་ཆོས་གཉིས་ཏེ། སྡིག་པ་ཐམས་ཅད་ཟད་པ་ཤེས་པ་དང་། བསོད་ནམས་བཆགས་པ་གྲེ
282b4 པའོ།། གཅེས་སྦས་བྱེད་པའི་ཆོས་གཉིས་ཏེ་སངས་རྒྱས་ཐམས་ཅད་ལ་གསོལ་བ་འདེབས་པ་དང་། ཆོས་ཐམས་ཅད་ཡོངས་སུ་འཇིམ་པའོ།། དཀའ་བ་བྱེད་པའི་ཆོས་གཉིས་ཏེ། ཆོས་ཀྱི་དབྱིངས་འདྲེས་པ་སྐྱེ
282b5 པ་དང་། ཚིག་རབ་ཏུ་འབྱེད་པ་ཐམས་ཅད་སྟོནད་པ་ཤེས་པའོ།། གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། ཡོངས་སུ་བསྔོ་བ་ལ་མཁ། ས་པ་དང་། སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་ཡོངས་སུ་བསྔོ།
282b6 བའོ།། དཀའ་བ་བྱེད་པའི་ཆོས་གཉིས་ཏེ། མཚན་མ་མྱེད་པར་འདྲིས་པར་བྱེད་པ་དང་། མཚན་མ་ཐམས་ཅད་རྣམ་པར་འཇིག་པའོ།། གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། སྟོང་པ་ཉིད་ལ་རྟོག་པ་དང་། སེམས་ཅན
282b7 ལ་ཡང་ལྟ་བའོ།། དཀའ་བ་བྱེད་པའི་ཆོས་གཉིས་ཏེ། ཤེས་རབ་ཀྱི་ལྟ་བ་མྱེད་པ་དང་། ཐབས་ཀྱི་ལྟ་བ་དང་བཅས་པའོ།། གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། དགེ་བའི་རྩ་བ་ཐམས་ཅད་ལ་སེམ་ལན་པལས་སྦྱོར་བའོ།། དཀའ
282b8 དཀའ་བ་བྱེད་པའི་ཆོས་གཉིས་ཏེ། སྨོན་པ་མྱེད་པ་བསྒོམ་པ་དང་། བསམ་པ་བཞིན་དུ་སྐྱེ་བ་ཤེས་པའོ།། གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། དེ་ལ་མ་ཆགས་པ་དང་། མྱི་གཡོ་བའོ།། དཀའ་བ་བྱེད་པའི་ཆོས་གཉིས
282b9 ཏེ། ང་རྒྱལ་མྱེད་པ་དང་། ངེས་པའོ།། གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། དགོན་པ་ལ་གནས་པ་དང་། དགོན་པའི་ཡོན་ཏན་མྱོང་བའོ།། དཀའ་བ་བྱེད་པའི་ཆོས་གཉིས་ཏེ། ཉོན་མོངས་པ་དང་མྱེད་པར་གནས་པ་དང་། སེཾས




iiif viewer powered by OpenSeadragon

282a - 283a

Texts on this page

Ng4.3 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo