| e-texts navigator |
| Wylie |
281b1 བའོ།། གཅེས་སྦས་བྱེད་པའི་ཆོས་གཉིས་ཏེ། ཚིག་བདེན་པ་དང་། འཕགས་པའི་སྐྱེ་བོ་ལ་གྱི་སླུ་བའོ།། དཀའ་བ་བྱེད་པའི་ཆོས་གཉིས་ཏེ། ཇི་སྐད་སྨྲས་པ་བཞིན་བྱེད་པ་དང་། སངས་རྒྱས་ཀྱི་ཚུལ་གྱི་འཁྲུགས་པར་བྱེད་པའོ།།
281b2 གཅེས་སྦས་བྱེད་པའི་ཆོས་གཉིས་ཏེ། ལུས་ཡོངས་སུ་དག་པ་དང་། གྱི་དགེ་བ་ནས་གསུམ་ཡོངས་སུ་སྤོང་བའོ།། དཀའ་བ་བྱེད་པའི་ཆོས་གཉིས་ཏེ། ལུས་གཟུགས་བརྙན་ལྟ་བུ་དང་། 3་དང་ཚིག་པ་དང་ཤིང་ལྟ་བུ་སོ་སོ
281b3 རྟོགས་པའོ།། གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། ངག་ཡོངས་སུ་དག་པ་དང་། ངག་གི་སྐྱོན་བཞི་ཡོངས་སུ་སྤོང་བའོ།། དཀའ་བ་བྱེད་པའི་ཆོས་གཉིས་ཏེ། ཆོས་བརྗེད་དུ་མྱེད་པར་ཁོངས་དུ་ཆུད་པ་དང་། སྒྲ་ཐམས་ཅད
281b4 བྲག་ཆ་དང་མཚུངས་པར་བྱེད་པའོ།། གཅེས་སྦས་བྱེད་པའི་ཆོས་གཉིས་ཏེ། སེམས་ཡོངས་སུ་དག་པ་དང་། བན་པ་སེམས་དང་། གནོད་སེམས་དང་། ལོག་པར་ལྟ་བ་ཡོངས་སུ་སྤོང་བའོ།། དཀའ་བ་བྱེད་པའི་ཆོས
281b5 གཉིས་ཏེ་ནང་ཉེ་བར་ཞི་བ་དང་། ཕ་རོལ་ཏུ་མྱི་རྒྱུ་བའོ།། གཅེས།། སྦས་བྱེད་པའི་ཆོས་གཉིས་ཏེ། བྱམས་པ་སྒོམ་པ་དང་། སེམསཅན་ཐམས་ཅད་ལ་སེམས་མཉམ་པ་ཉིད་དོ།། དཀའ་བ་བྱེད
281b6 པའི་ཆོས་གཉིས་ཏེ། ནམ་མཁའ་ལྟར་དག་ཅིང་དྲི་མ་མྱེད་པའི་བྱ་མ་ས་པ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་བསྐྱབ་པའི་ཕྱིར་ཡོ་ངས་སུ་བསྔོ་བའོ།། གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། སྙིང
281b7 རྗེ་ཆེན་པོ་མྱི་འདོར་བ་དང་། དགེ་བའི་ཆ་བ་ཡོངས་སུ་ཚོལ་བ་ལ་ཡོངས་སུ་མྱི་སྐྱོ་བའོ།། དཀའ་བ་བྱེད་པའི་ཆོས་གཉིས་ཏེ། སྐྱེ་བ་མྱེད་པར་སོ་སོར་རྟོག་པ་དང་། ངེས་པར་གྱུ་རད་པ་ཀུན་ཏུ་སྲུང་བའོ།། གཅེས་སྤྲས་བྱེ
281b8 པའི་ཆོས་གཉིས་ཏེ། ཆོས་ལ་དགའ་བས་དགའ་ཞིང་མོས་པ་དང་མྱི་དགའ་བ་སྤོང་བའོ།། དཀའ་བ་བྱེད་པའི་ཆོས་གཉིས་སྟེ། མྱི་སྨྲ་བའི་བརྟུལ་ཞུགས་ཡོངས་སུ་རྫོགས་པར་བྱེད་པ་དང་། བརྟུལ་ཞུགས་མ་ཡིན་བཱི
281b9 མྱི་གྱོད་པའོ།། གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། རྗེས་སུ་ཆགས་པ་འདོར་བ་དང་། ཁོར་ཁྲོ་བ་སྤོང་བའོ།། དཀའ་བ་བྱེད་པའི་ཆོས་གཉིས་ཏེ། བཏང་སྙོམས་བསྒོམ་པ་དང་། སེམས་ཅན་ལ་ལྟ་བས་ཡོངས