| e-texts navigator |
| Wylie |
281a1 བྱེད་པའི་ཆོས་གཉིས་ཏེ།། བསམ་གཏན་གི་ཡན་ལག་ཡང་དག་པར་སྡུད་པ་དང་། སེམས་ལས་སུ་རུང་བའོ།། དཀའ་བ་བྱེད་པའི་ཆོས་གཉིས་ཏེ། བསམ་གཏན་ལས་ལྡོག་པ་ཤེས་པ་དང་། འདོད་པའི་ཁམས།
281a2 སྨོད་པའོ།། གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། ཆོས་དོན་དུ་གཉེར་བ་དང་། ཆོས་འདོད་པའོ།། དཀའ་བ་བྱེད་པའི་ཆོས་གཉིས་ཏེ། ཆོས་ལ་སོ་སོར་རྟོག་པ་དང་། ཚེ་ངེས་པར་སེམས་པའོ།། གཅེས་སྤྲས་བྱེད
281a3 པའི་ཆོས་གཉིས་ཏེ། དགེ་བའི་བཤེས་གཉེན་ལ་སྟེན་པ་དང་། བླ་མ་ལ་གུས་པ་བརྟན་པའོ།། དཀའ་བ་བྱེད་པའི་ཆོས་གཉིས་ཏེ། གུས་པ་དང་དཀའ་བློ་བདེ་བའོ།། གཅེས་པྲས་བྱེད་པའི་ཆོས་གཉིས་ཏེ། དུས
281a4 རང་དུས་མ་ཡིན་པར་ཡོངས་སུ་འདྲི་བ་དང་། དོན་མྱོང་བར་བྱེད་པའོ།། དཀའ་བ་བྱེད་པའི་ཆོས་གཉིས་ཏེ། དོན་ཤེས་པ་དང་། ཆོས་ཤེས་པའོ།། །། གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ།། ཐོབ་པའི་ནོར་གྱིས་མྱི།
281a5 ངོམས་པ་དང་། ཐོབ་པའི་ཤེས་རབ་ཀྱིས་ངོམས་མྱི་མྱོང་བའོ།། དཀའ་བའི་བྱེད་པའི་ཆོས་གཉིས་ཏེ། ཚུལ་བཞིན་དུ་ཆོས་ལ་སོ་སོར། རྟོག་པ་དང་། ཚུལ་བཞིན་མ་ཡིན་པའི་ཆོས་རྣམ་པར་སྤོང་བའོ།།
281a6 ཀཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། ཆོས་སྟོན་པ་དང་། ཆོས་ཉན་པ་རྣམས་ལ་སྙིང་རྗེ་བའོ།། དཀའ་བ་བྱེད་པའི་ཆོས་གཉིས་ཏེ། སློབ་དཔོན་དཔེའ་མ་ཟུད་མྱེད་པ་དང་། བར་ཟིང་མྱེད་པའི་སེམས་ཀྱིས
281a7 ཆོས་སྟོན་པའོ།། གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། རྣ་བླགས་ཏེ་ཉན་པ་དང་། ཐམས་ཅད་དུ་སེམས་ཀྱིས་སེམས་པའོ།། དཀའ་བའ་བྱེད་པའི་ཆོས་གཉིས་ཏེ། སྒྲིབ་པ་སེལྡ་པ་དང་། བྱང་ཆུབ་ཀྱི་ཡན་ལག་བསྒོམ་པོ།།
281a8 གཅེས་སྦས་བྱེད་པའི་ཆོས་གཉིས་ཏེ། མཆོག་ཏུ་དཀའ་བ་ཐོབ་པ་དང་། དཀའ་བ་མྱོང་བའོ།། དཀའ་བ་བྱེད་པའི་ཆོས་གཉིས་ཏེ། རུང་བ་རྣམས་ལ་ཆོད་ཤེས་པ་དང་། བདག་ཤེས་པ་ལ་འཇུག་པའོ།། གཅེས་སྦས་རྩེ།
281a9 པའི་ཆོས་ཉིས་ཏེ། ལས་ཀྱི་རྣམ་པར་སྦྱིན་པ་ལ་ཡིད་ཆེས་པ་དང་། ལེགས་པར་བྱ་བའི་ལས་བྱེད་པའོ།། དཀའ་བ་བྱེད་པའི་ཆོས་གཉིས་ཏེ། ལས་མྱེད་ཅིང་རྣམ་པར་སྦྱིན་པ་མྱེད་པར་མོས་པ་དང་། དགེ་བའི་ཆོས་ཀྱི་རྟོན།