| e-texts navigator |
| Wylie |
280b1 ཉམས་པ་དང་། སེམས་ཅན་ལ་ལྟ་བ་ལ་བརྟན་པའོ།། དཀའ་བ་བྱེད་པའི་ཆོས་གཉིས་ཏེ། བྱང་ཆུབ་ཀྱི་སེམས་ལ་སྒྱུ་མ་ལྟ་བུར་སོ་སོར་རྟོག་པ་དང་། སེམས་ཅན་ཐམས་ཅད་ལ་བདག་མྱེད་པར་སོ་སོར་རྟོག་པའོ།།
280b2 གཅེས་སྦས་བྱེད་པའི་ཆོས་གཉིས་ཏེ། བསམ་པ་མྱི་འདོར་བ་དང་། སྦྱོར་བ་བཅོས་མ་མ་ཡིན་པའོ།། དཀའ་བ་བྱེད་པའི་ཆོས་གཉིས་ཏེ། རྩ་བ་ཡོངས་སུ་དག་པའི་བསམ་པ་དང་། བྱེད་པ་མྱེད་ཅིང་བྱེད་པ་དང
280b3 བྲལ་བ་ཡང་མ་ཡིན་པར་བསོད་ནམས་ཚོགས་པའོ།། གཅེས་སྤྲས་བྱེད་པའི་ཆོས་གཉིས་ཏེ། དགེ་བའི་རྩ་བ་རྣམས་ལ་སྦྱོར་བ་དང་། སྦྱོར་བ་ཡང་ཉམས་འོག་ཏུ་ཆུད་པར་བྱེད་པའོ།། དཀའ་བ་བྱེད་པའི་ཆོས་ཀཿ
280b4 ཏེ་སྲོས་པ་མྱེད་པར་སྦྱོར་བ་དང་། སྦྱོར་བ་ཉམས་འོག་ཏུ་ཆུད་པར་བྱེད་པས་དབེན་པའོ།། གཅེས་པྲས་བྱེད་པའི་ཆོས་གཉིས་ཏེ་ལྷག་པའི་བསམ་པས་ཁྱད་པར་འགྲོ་བ་དང་། ཁྱད་པར་གིས་ཁྱད་པར་དུ་ལྷག་པ
280b5 དབྱིགས་པའོ།། དཀའ་བ་བྱེད་པའི་ཆོས་གཉིས་ཏེ་བདག་ཉིད།། ཉེས་པ་མྱི་བྱེད་པ་དང་། གཞན་ཡང་ཉེས་པ་ལས་འབྱིན་པའོ།། ། གཅེས་པྲས་བྱེད་པའི་ཆོས་གཉིས་ཏེ། བདོག་པ་ཐམས་ཅད
280b6 ཡོངས་སུ་གཏོང་བ་དང་། རྣམ་པར་སྦྱིན་པ་ལ་ཕྱི་རེ་བའོ།། དཀའ་བ་བྱེད་པའི་ཆོས་གཉིས་ཏེ། མཉམ་པའི་སེམས་གཏོང་བ་དང་། ཡོངསསུ་བསྔོ་བ་ལ་མཁས་པའོ།། གཅེས་པྲས་བྱེད་པའི་ཆོས་གཎྜཱི
280b7 ཏེ། བསླབ་པ་མ་ཉམས་པ་དང་། སྐྱེ་བར་སྨོན་པ་མྱེད་པའོ།། དཀའ་བ་བྱེད་པའི་ཆོས་གཉིས་ཏེ། ཚུལ་ཁྲིམས་འཆལ་པ་རྣམས་ལ་ཆེར་སྙིང་རྗེ་བ་དང་། བདག་ལ་མྱི་སྟོད་པའོ།། གཅེས་བྲས་བྱེད་པའི་ཆོས་གཉིས་ཏེ། བཟོད།
280b8 ཅིང་ངེས་པ་དང་། བྱང་ཆུབ་ཡོངས་སུ་བསྔོ་བའོ།། དཀའ་བ་བྱེད་པའི་ཆོས་གཉིས་ཏེ། རྗེས་སུ་ཆགས་པ་འདོར་བ་དང་། རྗེ་བོ་ལ་བཟོད་པ་སྒོམ་པའོ།། གཅེས་པྲས་བྱེད་པའི་ཆོས་གཉིས་ཏེ། དགེ་བའི་ཆོས་ཐམས་ཅད་ཡོས
280b9 སུ་བཙལ་བར་བརྩོན་པའི་བརྩོན་འགྲུས་དང་། དགེ་བའི་ཆ་བ་ལ་ཡིད་རངས་པའོ།། དཀའ་བ་བྱེད་པའི་ཆོས་གཉིས་ཏེ། ལུས་དང་སེམས་དབེན་པ་དང་། སེམས་གནས་པ་ཡོངས་སུ་ཐ་རད་པར་བྱེད་པའོ།། གཅེས་ཕྲས