e-texts navigator
Collection
Volume
Page
Wylie

280a1 གཞན་ཡང་ཆོས་གཅིག་སྟེ། མང་དུ་ཟོས་ནས་སེམ་ངེས་པ་སེམས་པའོ།། གཞན་ཡང་ཆོས་གཅིག་སྟེ། ཡང་དག་པར་རབ་ཏུ་བརྩོན་པའི་རྣལ་འབྱོར་ད་པ་གྱོད་པའི་སའོ།། གཞན་ཡང་ཆོས་གཅིག།
280a2 སྟེ། སྟོང་པ་ཉིད་ཀྱི་ཁྱོད་ཡུལ་གི་ཆོས་ལ་སོ་སོ་རྟོག་པའོ།། གཞན་ཡང་ཆོས་ཅིག་སྟེ་རྙེད་པ་དང་མ་རྙེད་པས་ཁེངས་པ་མྱེད་ཅིང་འདུད་པ་མྱེད་པའོ།། གཞན་ཡང་ཆོས་གཅིག། འདུ་འཇིས་འཇིགས་ཤིང་སྐྲག་པ་ནས་གཞི
280a3 བུ་དགའ་བའོ།། གཞན་ཡང་ཆོས་གཅིག་སྟེ། ཆོས་ཀྱི་རྙེད་པ་གཞན་དག་དང་ཀུན་འགྱེད་པའོ།། གཞན་ཡང་ཆོས་གཅིག་སྟེ། འཕགས་པའི་བདེན་པ་ཤེས་པ་ལ་མཁས་པའོ།། གཞན་ཡང་ཆོས་གཅིག་སྟེ། ཤེས
280a4 པ་ཐམས་ཅད་སློབ་དཔོན་དཔེ་ཁྱུད་མྱེད་པའོ།། གཞན་ཡང་ཆོས་གཅིག་སྐྱེ། མ་བསླབས་པ་རྣམས་བསླབ་པ་ལ་སྦྱོར་ཞིང་མྱི་བརྙས་པའོ།། གཞན་ཡང་ཆོས་གཅིག་སྟེ། རྙེད་པ་དང་མ་རྙེད་པ་རྣམས་ལ་ལས་ཀྱི་རྣམ
280a5 པར་སྦྱིན་པ་ལ་ཡིད་ཆེས་ཤིང་ཡོངས་སུ་གདུང་བ་མྱེད་པའོ།། གཞན་ཡང་ཆོས་གཅིག་སྟེ། གུས་པར་བྱས་ཏེ་ཆོས་ཉན་པ་རྣམ། ས་ལ་ཆོས་སྟོནད་པའོ།། གཞན་ཡང་ཆོས་གཅིག་སྟེ། སྟུག་པ
280a6 རྣམས་ལ་རྗེས་སུ་ཆགས་པ་སྤངས་ནས། སེམས་ཅན་ཐམས་ད་ལ་སེམས་མཉམ་པ་ཉིད་དོ།། གཞན་ཡང་ཆོས་གཅིག་སྟེ། ཆོས་སྦ་བ་རྣམས་ལ་གཡོ་མྱེད་པར་ལེགས་སོ་ཞེས་བྱ་བ་སྦྱིན
280a7 བའོ།། གཞན་ཡང་ཆོས་གཅིག་སྟེ། ཆོས་སྨྲ་བ་རྣམས་ལ་གཡོ་མྱེད་པར་ལེགས་སོ་ཞེས་བྱ་བ་སྦྱིན་པའོ།། གཞན་ཡང་ཆོས་གཅིག་སྟེ། ཅང་ཤེས་ཀྱི་སེམས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་ཁུར་ཁྱེར་བའོ།།
280a8 གཞན་ཡང་ཆོས་གཅིག་སྟེ། ཕ་རོལ་ཏུ་ཕྱིནད་པ་རྣམས་ལ་སྦྱོར་བ་ཡོངས་སུ་ཚོལ་བའོ།། གཞན་ཡང་ཆོས་གཅིག་སྟེ། བྱང་ཆུབ་ཀྱི་ལམ་གི་ཚོགས་སོགས་པའི་བརྩོན་འགྲུས་སོ།། གཞན་ཡང་ཆོས
280a9 གཅིག་སྟེ། དད་པའི་ཆ་བ་བཏན་བཞི་མྱི་གཡོ་བའོ།། གཞན་ཡང་ཆོས་གཅིག་སྟེ།། ཡུལ་འཁོར་ཀི་བསོད་སྙོམས་དོན་ཡོད་པར་ཡོངས་སུ་གྱོད་པའོ།། གཞན་ཡང་ཆོས་གཅིག་སྟེ། ནོར་བདུན་ཡང་དག




iiif viewer powered by OpenSeadragon

279b - 280b

Texts on this page

Ng4.3 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo