| e-texts navigator |
| Wylie |
279b1 བཞུགས་པ་རྣམས་སམ།། ཡོངས་སུ་མྱ་ངན་ལས་འདས་པ་རྣམས་ལ་མཆོད་པ་བྱེད་པས་ཀྱི་ངོམས་པའོ།། གཞན་ཡང་ཆོས་གཅིག་སྟེ། སེམས་ཅན་ཐམས་ཅད་ཀྱིས་གསོལ་བ་མ་བཏབ་པར་གཤེས་གཉེན་བྱེད་པའོ།
279b2 གཞན་ཡང་ཆོས་གཅིག་སྟེ། དངོས་པོ་ཐམས་ཅད་ལ་མྱི་གནས་ཤིང་ཡོངས་སུ་མྱི་འཛིན་མྱི་ཆགས་པའོ།། གཞན་ཡང་ཆོས་གཅིག་སྟེ། ཁྱིམ་ན་གནས་པའི་སྐྱོན་རིག་ནས་རྟག་པར་རྒྱུན་ཏུ་རབ་ཏུ་འབྱུང་བ་ལ་གཞོལ་བློ
279b3 གཞན་ཡང་ཆོས་གཅིག་སྟེ། སྐྱེས་བུ་དམ་པའི་ལས་རྣམས་ལ་ཞུགས་པའོ།། གཞན་ཡང་ཆོས་གཅིག་སྟེ། ངེས་པར་བྱས་པ་ལ་ཞུགས་པའི་བྱང་ཆུབ་ཀྱི་ལམ་གི་ཚོགས་མཚོགས་པའོ།། གཞན་ཡང་ཆོས་གཅི
279b4 སྟེ། ཐེག་པ་མཚུངས་པར་ཡང་དག་པར་ཞུགས་པ་རྣམས་ལ་ཞེ་མྱི་སྡང་བའོ།། གཞན་ཡང་ཆོས་གཅིག་སྟེ། བྱང་ཆུབ་ཀྱི་སེམས་ཡང་དག་པར་འཛིན་ཏུ་གཞུག་པ་ལ་ཡོངསསུ་མྱི་སྐྱོ་བའོ།། གཞན
279b5 ཡང་ཆོས་གཅིག་སྟེ། གསང་བའི་སྔགས་རྣམས་ཀུན་ཏུ་སྲུང་བས། རྣམ་པར་འབྲོས་པར་གྱི་བྱེད་པའོ།། གཞན་ཡང་ཆོམ་གཅིག་རྟེ། ཆོས་དང་བཟོ་ཡོངས་སུ་བཙལ་བ་ཞེས་པའོ།། གཞན་ཡང་ཆོས
279b6 གཅིག་སྟེ། བདེན་པའི་ངག་ལ་རབ་ཏུ་གནས་པས་ཆོས་མཐོང་བའོ།། ། གཞན་ཡང་ཆོས་གཅིག་སྟེ། ཁ་འོག་ཏུ་ལུས་འཁྲུས་པར་བྱེད་པའོ།། གཞན་ཡང་ཆོས་གཅིག་སྟེ། འགྱོད་པ་མྱེད་པའི་སེམས་ཀྱིས།།
279b7 སྦྱིན་པ་འགྱེད་པའོ།། གཞན་ཡང་ཆོས་གཅིག་སྟེ།། བདུད་ཀྱི་ལས་རྣམས་རྟོགས་ནས། ཡོངས་སུ་སྤོང་བའོ།། གཞན་ཡ་སྲོགཅིག་སྟེ། ང་རྒྱལ་དང་བྲལ་བའི་ཡེ་ཤེས་ཀྱི་ལས་སོ།། གཞན་ཡང་ཆོས་གཅིག
279b8 སྟེ་ཡེ་ཤེས་ཀྱི་ཁེ་དང་། བྲལ་བར་དགོན་པ་ན་གནས་པའོ།། གཞན་ཡང་ཆོས་གཅིག་སྟེ། ལྷག་པའི་ང་རྒྱལ་དང་བྲལ་ཞིང་བདག་ལ་མྱི་སྟོད་གཞན་ལ་མྱི་སྨོད་པའོ།། གཞན་ཡང་ཆོས་གཅིག་སྟེ། ཉོན་མོངས་པ་དང་བྲལ།
279b9 ཞིང་འཇིག་རྟེན་གི་རྗེས་སུ་མཐུན་པའོ།། གཞན་ཡང་ཆོས་གཅིག་སྟེ། འཚོ་བ་ཡོངས་སུ་དག་པའི་སྟེ་དབེན་པ་ལ་དགའ་བའོ།། གཞན་ཡང་ཆོས་གཅིག་སྟེ། ཚུལ་བཞིན་ལ་བཚོན་པས་ནང་དུ་ཡང་དག་འཇོག་པོ།