| e-texts navigator |
| Wylie |
279a1 ཆོས་སྦྱིན་པའོ།། གཞན་ཡང་ཆོས་གཅིག་སྟེ། ཆོས་མཉམ་པའི་ཕྱིར་ལྷགས་པ་རྣམས་ལ་ནད་པར་འདུ་ཤེས་པའོ།། གཞན་ཡང་ཆོས་གཅིག་སྟེ། ཆོས་ལ་སྨན་དུ་འདུ་ཤེས་པའོ།། གཞན་ཡང་ཆོས
279a2 གཅིག་སྟེ། བདག་ལ་སྨན་པར་འདུ་ཤེས་པའོ།། གཞན་ཡང་ཆོས་གཅིག་སྟེ། དམ་པའི་ཆོས་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར་ཀུན་ཏུ་བསྲུང་བའོ།། གཞན་ཡང་ཆོས་གཅིག་སྟེ། དཀོན་མཆོག་གསུམ་གི་རིགྶ
279a3 མྱི་གཅད་པའོ།། གཞན་ཡང་ཆོས་གཅིག་སྟེ། མྱི་བརྐམ་ཞིང་ངང་རོན་གིས་ཆོག་ཤེས་པའོ།། གཞན་ཡང་ཆོས་གཅིག་སྟེ། བདག་པ་ཐམས་ཅད་ཡོངས་སུ་གཏོང་བ་ལ་ཞུམ་པ་མྱེད་པའོ།། གཞན་ཡང་ཆོས་གཅི།
279a4 སྟེ། རང་གི་ཚུལ་ཁྲིམས་ཀྱིས་ཚུལ་ཁྲིམས་འཆལང་པའི་སེམས་ཅན་ཡོངས་སུ་སྨྱིནད་པར་བྱེད་པའོ།། གཞན་ཡང་ཆོས་གཅིག་སྟེ། ཉེས་པར་བྱས་པ་ལ་ཤར་མྱི་གཉེར་བའི་བཟོད་པའོ།། གཞན་ཡང་ཆོས
279a5 གཅིག་སྟེ། ལེགས་པར་བྱས་པ་ལ་ལན་གླན་པའི་བློའོ།། གན།། ན་ཡང་ཆོས་གཅིག་སྟེ། བྱས་པ་མྱི་གཟོ་བ་རྣམས་ལ་སྙིང་རྗེ་བ་འི་བློའོ།། གཞན་ཡང་ཆོས་གཅིག་སྟེ། བྱས་པ་གཟོ་བ་ནས
279a6 ལ་རིམ་འགྲོ་བྱ་བའི་བློལ།། གཞན་ཡང་ཆོས་གཅིག་སྟེ། གྱི་ཤེས་པ་རྣམས་ལ་ང་རྒྱལ་མྱེད་པའོ།། གཞན་ཡང་ཆོས་གཅིག་སྟེ། ཤེས་རྣམས་ཀྱི་རྗེས་སུ་སློབ་པའོ།། གཞན་ཡང་ཆོས་གཅིག་སྟེ།
279a7 དགེ་བའི་ཆ་བ་ལ་ལྷག་པའི་སེམས་མྱི་འདོར་བའོ།། གཞན་ཡང་ཆོས་གཅིག་སྟེ། མྱི་དགེ་བའི་སེམས་ཀྱིས་མྱི་འཇུག་པའོ།། གཞན་ཡང་ཆོས་གཅིག་སྟེ། ཚུལ་འཆོས་པ་མྱེད་ཅིང་ཁ་གསག་མྱེད་པས་སྡོམ་གསུ
279a8 ཡོངས་སུ་དག་པའོ།། གཞན་ཡང་ཆོས་གཅིག་སྟེ། ཆོས་སྨྲ་བ་རྣམས་ལ་སྟོན་པ་དང་། བླ་མ་ལྟར་འཕངས་པར་རིམ་འགྲོ་བྱེད་པའོ།། གཞན་ཡང་ཆོས་གཅིག་སྟེ། འཇིག་རྟེན་རྒྱང་བེན་པའ་དང་མ་འདྲེས་པ
279a9 ལེགས་པར་ཟོས་པའི་ཆོས་ཉན་པའོ།། གཞན་ཡང་ཆོས་གཅིག་སྟེ། དགེ་བའི་ཨ་པ་ཡོངས་སུ་སྦྱར་བ་ཡོངས་སུ་ནག་ནས། འཁོར་བ་ན་ཡོངསུ་མྱི་སྐྱོ་བའོ།། གཞན་ཡང་ཆོས་གཅིག་སྟེ། དེ་བཞིན་གཤེགས་པ