| e-texts navigator |
| Wylie |
278b1 xxx
278b2 གྲོས་རྒྱ་མཚོ་དེ་ནི། ཐེག་པ་ཆེན་པོ་སྣང་བར་འགྱུར་བ་འོཆོས་གཅིན་གོ། ཁྲོ་ག་རྒྱལ་ཆོགཞན་ཡང་ཐེག་པ་ཆེན་པོ་སྲུང་བར་འགྱུར་བའི་ཆོམ་གཅིག་། མ་གཅན་པོ་གང་ཞེ་ན་འདི་ས་སྟེ། བྱ་བར་འཇུག་པ
278b3 ཞུགས་ཤིང་རྣམ་པར་སྦྱིན་པ་ལ་ཡིད་ཆེས་པའོ།། གཞན་ཡང་ཆོས་གཅིག་སྟེ་འདི་ལྟ་སྟེ། རྟེན་པའི་ཆོས་དང་མྱི་འགལ་བ་ཡང་དག་པའི་ལྟ་བའོ།། གཞན་ཡང་ཆོས་གཅིག་སྟེ། དེ་སྟུག་པ་དང་མྱི་སྡུག་པ་བསལ་སྟེ།
278b4 སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ་ཉིད་དོ།། གཞན་ཡང་ཆོས་གཅིག་སྟེ། ཐམས་ཅད་བསྐྱབ་པ་དང་། ལྡན་པའི་བྱམས་པ་ཆེན་པོའོ།། གཞན་ཡང་ཆོས་གཅིག་སྟེ། བདག་བདེ་བ་ལ་མྱི་ཆགས་པའི
278b5 སྙིང་རྗེ་ཆེན་པོའོ།། གཞན་ཡང་ཆོས་གཅིག་སྟེ། སངས་རྒྱས་ཀྱི་། སྐུ་འདོད་པའི་སངས་རྒྱས་རྗེས་སུ་དྲན་པའོ།། གཞན་ཡང་ཆོས་གཅིག་སྟེ། ཆོས་སྒྲུབ་པ་སྙིང་པོར་བྱེད་པའི་ཆོས་ཀྱི་རྗེས་སུ་དྲན
278b6 པའོ།། གཞན་ཡང་ཆོས་གཅིག་སྟེ། ཕྱིར་མྱི་ལྡོག་པའི་དགེ་འདུན་དང་ལྡན་པའི་དགེ་འདུན་རྗེས་སུ་དྲན་པའོ།། གཞན་ཡང་ཆོས་ཀ་ཅིག་སྟེ། ཉོན་མོངས་པ་ཐམས་ཅད་བསལ་བའི་གཏོང་བ་རྗེས
278b7 སུ་དྲན་པའོ།། གཞན་ཡང་ཆོས་གཅིག་སྟེ། བྱང་ཆུབ་ཀྱི་སེམས་མ་བརྗེད་པའི་ཚུལ་ཁྲིམས་ཀྱི་རྗེས་སུ་དྲན་པའོ།། གཞན་ཡང་ཆོས་གཅིག་སྟེ། རྣམ་པར་དག་པའི་ཆོས་དང་ལྡན་པའི་ལྷ་རྗེས་སུ་དྲན་པའོ།། གཞན
278b8 ཡང་ཆོས་གཅིག་སྟེ། ཕན་པ་དང་བདེ་བ་དང་ལྡན་པའི་ཕན་པར་འདོད་པའོ།། གཞན་ཡང་ཆོས་གཅིག་སྟེ། བསམ་པ་བརྟན་པར་གྱུརྡ་ཅིང་མོས་པ་དྲན་པའོ།། གཞན་ཡང་ཆོས་གཅིག་སྟེ། སེམས་ཅན་ཐམས་ཅད་རབ
278b9 ཏུ་བ་རད་པར་བྱ་བ་ལ་མཆོག་ཏུ་དགའ་བའོ།། གཞན་ཡང་ཆོས་གཅིག་སྟེ། ཆོས་ཟབ་མོ་ལས་ངེས་པར་འབྱུང་བའི་དམ་པའི་ཆོས་ཡོངས་སུ་ཚོལ་བའོ།། གཞན་ཡང་ཆོས་གཅིག་སྟེ། ཟར་ཟིང་མྱེད་པའི་སེམས་ཀྱིས