e-texts navigator
Collection
Volume
Page
Wylie

278a1 སེམས་དཔའི་སྡེ་སྣོད་ཀྱི་ཆོས་མཉན་པ་རབ་ཏུ་འཐོབ་པ་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཐོས་ནས་སྒྲུབ་པ་རབ་ཏུ་འཐོབ་པ་སྟེ། བཅོམ་ལྡན་འདས་རྙེད་པ་བཅུ་པོ་དེ་དག་ནི་རྙེད་པ་ཆེན་པོ་བསམ་གིས་མྱི་།
278a2 པར་འགྱུར་བ་དག་གོ།། དེ་ལ་རབ་ཏུ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་ནི་རྙེད་པ་ལེགས་པར་རྙེད་པ་ཞེས་བྱའོ།། བཅོམ་ལྡན་འདས་ཀྱིས་བཀའ་སཿལད་པ། སྐྱེས་བུ་དམ་པ་དག་ཁྱེད
278a3 ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་རྙེད་པ་དེ་དག་ལེགས་པར་སྨྲས་པ་ནི་ལེགས་སོ་ལེགས་སོ་བསྟནད་པ་འདི་བཤད་པ་ན་སྲོག་ཆགས་སུ་ཁྲི་དྲུག་སྟོང་གིས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི
278a4 བྱང་ཆུབ་ཏུ་སེམས་དཔའ་བསྐྱེད་དོ།། ཡོངས་སུ་གཏད་པའི་ལེའུ་རྫོགས་ཏེ། འཕགས་པའི་བློ་གྲོས་རྒྱ་མཚོས་ཞུས་པ་ཕྱེད་གོར་མའོ།། འཕགས་པ་བློ་གྲོས་རྒྱ་མཚོས་ཞུས་པ།
278a5 བམ་པོ་དྲུག་པའོ།། །། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོས་འདི་སྐད་ཅེ། ས་གསོལ་ཏོ།། བཅོམ་ལྡན་འདས་འདི་ལྟ་སྟེ། ལྷ་དང་མྱིའི
278a6 ཕུན་སུམ་ཚོགས་པ་མྱོང་བར་བགྱི་བ་དང་མྱ་ངན་ལས་འདས་པའི་ཕུན་གསུམ་ཚོགས་པ་བླ་ན་མྱེད་པ་ཐོབ་པར་བགྱི་བའི་སླད་དུ་ཇི་ཙམ་དུ་ཆེ་ག་པ་ཆེན་པོ་སེམས་ཅན་ཐམས་ཅད་ལ་ཕན་པར་བགྱི་བར་གྱུར
278a7 པ་ནི་ངོ་མཚ་རད་ཏོ།། བཅོམ་ལྡན་འདས་ཐེག་པ་ཆེན་པོ་སྡུད་པར་འགྱུར་བའི་ཆོས་རྣམས་ནི་གང་ལགས། ཐེག་པ་ཆེན་པོ་ལ་གཙེས་སྤྲས་བགྱིད་པའི་ཆོས་རྣམས་ནི་ཀར་ལགས། ཐེག་པ་ཆེན་པོ་ལ་དཀའ་བ་བགྱིད
278a8 པའི་ཆོས་རྣམས་ནི་གང་ལགས། ཐེག་པ་ཆེན་པོ་ལ་རྟོན་པར་འགྱུར་བའི་ཆོས་རྣམས་ནི་གང་ལགས།། བཅོམ་ལྡན་འདས་ཐེག་པ་ཆེན་པོའི་བར་ཆད་དུ་འགྱུར་བའི་ཆོས་རྣམས་ནི་གང་ལགས།། བཅོམ་ལྡན་འདས
278a9 ཙའི་སླད་དུ་ཐེག་པ་ཆེན་པོ་ལ། ཐེག་པ་ཆེན་པོ་ཞེས་བགྱི། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོ་ལ་འདི་སྐད་ཅེས་བཀའ་སཿལ་ཏོ།། བློ་གྲོས་རྒྱལ




iiif viewer powered by OpenSeadragon

277b - 278b

Texts on this page

Ng4.3 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo