| e-texts navigator |
| Wylie |
277a1 གང་ཡང་མ་ཐོབ་པར་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་གོ།། མ་ཐོབ་བཞིན་དུ་བྱང་ཆུབ་ཀྱི་སྙིང་པོ་ལས་ལངས་སོ།། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་ཀྱི་སྙིང་པོ་ལ་ཐུགས་སམ།
277a2 མིན་གང་འདི་སྐད་དུ་རས་མཐོ་ཟ་བཞིན་དུ་བྱང་ཆུབ་ཀྱི་སྙིང་པོ་ལས་ལངས་ཤེས་གསུང་།། གལ་ཏེ་ཞུགས་ན་ནི་བྱང་ཆུབ་ལ་གཉིས་འཇུག་པར་འགྱུར་ཏེ། བཅོམ་ལྡན་འདས་ཀྱང་གཞན་ལ་བྱང་ཆུབ་ཀྱི་སྙིང་པོ་ཡང་གཞན
277a3 དུ་འགྱུར་རོ།། བཅོམ་ལྡན་འདས་བྱང་ཆུབ་ནི་གཉིས་ཀྱིས་རབ་ཏུ་བྱེ་བ་ལ་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་བ་ཡ་པ། འཇམ་དཔལ་དབྱང་ཆུབ་ཀྱི་སྙིང་པོའི་ངབ་ཉིད་ཀྱིས་རྗེས་སུ་ཞུགས་པའི་ཕྱིར
277a4 བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་གོ།། ངའི་ངོ་བོ་ཉིད་གང་ཡིན་པ་དེ་བྱང་ཆུབ་ཀྱི་སྙིང་པོའི་ངོ་བོ་ཉིད་དེ། བྱང་ཆུབ་ཀྱང་དེའི་ངོ་བོ་ཉིད། སེམས་ཅན་ཐམས་ཅད་ཀྱང་དེའི་ངོ་བོ་ཉིད། ཆོས་ཐམས་ཅད་ཀྱང་དེའི
277a5 བ་ཉིད་དོ།། འཇམ་དཔལ་བྱང་ཆུབ་ཀྱི་སྙིང་པོར་གང་ངས་མངོན། པར་རྫོགས་པར་སངས་རྒྱས་པ་འདི་ནི་ངོབོ་ཉིད་གཅིག་འའོ།། རོ་གཅིག་པའོ།། མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱ
277a6 དེ་བཞིན་གཤེགས་པས་བྱང་ཆུབ་ཀྱི་སྙིང་པོ་ལས་རྣམ་པར་གྲོལ་བ་ཆོས་གང་ཡང་མ་གཟིགས་སོ།། བྱང་ཆུབ་མཉམ་པ་ཉིད་པས་ཆོས་ཐམས་ཅད་མཉམ་པ་ཉིད་དུ་མངོན་པར་རྫོགས་པར་སངས་རྒྱས
277a7 སོ།། མཉམ་པ་ཉིན་ཆོས་གང་གི་གྲངས་སུ་འགྲོ་བ་མ་ཡིན་ཏེ། གྲངས་མྱེད་པ། གྲངས་དང་བྲལ་བའོ།། དེའི་ཕྱིར་དེ་བཞིན་གཤེགས་པ་འདུས་མ་བྱས་པ་ཞེས་བྱའོ།། འཇམ་དཔལ་དེ་བཞིན་གཤེགས་པ་ནི་འདུས་མ།
277a8 བྱས་པ་ཐོབ་པ་སྟེ། འདུས་བྱས་ཐམས་ཅད་ལས་ཤིནང་ཏུ་འདས་སོ།། འཇམ་དཔལ་གང་དག་དེ་བཞིན་གཤེགས་པའི་བསྟན་པ་འདི་ལ་མོས་པ་དེ་དག་ཐམས་ཅད་དེ་བཞིན་གཤེགས་པའི་རྣམ་པར་གྲོལ་བས་རྣམ་པར
277a9 འགྱུར་རོ།། རྣམ་པར་གྲོལ་ནས་ཆོས་ཉིད་དེ་ལས་འདའ་བར་མྱི་འགྱུར་རོ།། དེ་ནས་བྱང་ཆུབ་སེམས་དཔའ་གང་དག་བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོ་དང་ལྷན་གཅིག་ཏུ་འཇིག་རྟེན་གི་ཁམས་མྱི་མཇེད་འདིར་ལྷགས