e-texts navigator
Collection
Volume
Page
Wylie

276b1 སུ་གཟུང་བར་བགྱིའོ།། བྱང་ཆུབ་སེམས་དཔའ་བྱམས་པས་གསོལ་པ།། བཅོམ་ལྡན་འདས་བྱང་ཆུབ་ལ་རིང་བའི་འདུ་ཤེས་ཅན་གིས་དམ་པའི་ཆོས་ཡོངས་བཟུང་བར་མྱི་ནུས་ཏེ།། བཅོམ་ལྡན་འདས་བྱང་ཆུབ་སེམས
276b2 དཔའ་གང་འདི་སྙམ་དུ་བདག་གིས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་ནས། བྱང་ཆུབ་ལུས་དང་སེམས་དང་ལྡན་པ་ཡང་མ་ཡིན་མྱི་ལྡན་པར་ཡང་མ་ཡིན་པར་མཐོང་ངོ་སྙམ་པ་དེས་དེ་བཞིན་གཤེགས
276b3 པའི་དམ་པའི་ཆོས་ཡོངས་སུ་བཟུང་བར་ནུས་སོ།། བྱང་ཆུབ་སེམས་དཔའ་ཡོན་ཏན་གི་རྒྱལ་པོ་སྡང་བས་གསོལ་པ། བཅོམ་ལྡན་འདས་ཡོན་ཏན་ལ་མྱི་གནས་ཤིང་ཡོན་ཏན་དང་བྲལ་ལ། དེ་བཞིན་གཤེགས་པའི
276b4 ཡོན་ཏན་དོན་དུ་མྱི་གཉེར་བས་དམ་པའི་ཆོས་ཡོང་སུ་གཟུང་བར་གྱི་ནུས་ཏེ།། བཅོམ་ལྡན་འདས་བདག་གིས་ཡོན་ཏན་ཐམས་ཅད་ད་མ་བྲལ་ཞིང་བྱང་ཆུབ་སེམས་དཔའ་ཡོན་ཏན་ཡང་དག་པ་ལ་ཀུན
276b5 ཏེ། དེ་བཞིན་གཤེགས་པའི་ཡོན་ཏན་ཡོངས་སུ་བཙལ་བ་ལ་མཛ་ན་པར་བརྗོན་པས་བཅོམ་ལྡན་འདས་ཀྱི་དམ་པའི་ཆོས་ཡོངས་སུ་གཟུང་བར་བགྱིའོ།། འཇམ་དཔལ་གཞོ་ནུར་གྱུར་ད་པས་གསོལ
276b6 པ། བཅོམ་ལྡན་འདས་གང་འདི་སྐད་དུ་བདག་གིས་དམ་པའི་ཆོས་ཡོངས་སུ་བཟུང་ངོ་ཞེས་དེ་སྐད་མཆི་མའི་འཇིག་རྟེན་དེ་ནི་རྣམ་པར་སྦ་བ་ལ་གས་སོ།། བཅོམ་ལྡན་འདས་དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན
276b7 འདས་བྱང་ཆུབ་ཀྱི་སྙིང་པོ་ལ་ཞུགས་ནས་ཆོས་གང་མ་བརྙེས་ཤིང་མངོན་པར་རྫོགས་པར་སངས་རྒྱས་པ་དེ་ལ་ཡོངས་སུ་གཟུང་བ་གང་ཡང་མ་མཆིས་སོ།། བཅོམ་ལྡན་འདས་བདག་གིས་ཆོས་ཐམས་ཅད
276b8 ཡོངས་སུ་མྱི་བཟུང་བ་དང་སེམས་ཅན་ཐམས་ཅད་ཡོངས་སུ་འཛིན་པ་འདོར་དུ་བསས་པའི་སླད་དུ་སྙིང་རྗེ་ཆེན་པོའི་ཆོས་ཉིད་འདི་གཟུང་བར་བགྱི།། ཆོས་གང་ཡང་འཕྲོས་པར་གྱི་བགྱི།། འབྲོས་པ་དང་བྲལ་བར།
276b9 ཡང་མྱི་བགྱིའོ།། དེ་ནས་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོ་ནུར་གྱུར་པ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། འཇམ་དཔལ་ལེགས་སོ་ལེགས་སོ།། དེ་དེ་བཞིན་ནོ།། ཇི་སྐད་སྨྲས་པ་བཞིན་ཏེ།། ངས་ཆོས




iiif viewer powered by OpenSeadragon

276a - 277a

Texts on this page

Ng4.3 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo