e-texts navigator
Collection
Volume
Page
Wylie

276a1 བཅོམ་ལྡན་འདས་ཤེས་རབ་འཆལ་པ་ཆོས་ཀྱི་སྣང་བ་དང་བྲལ་བས་དམ་པའི་ཆོས་ཡོངས་སུ་བཟུང་བར་མྱི་ནུས་སྟེ། བཅོམ་ལྡན་འདས་བདག་གིས་ཤེས་རབ་ཀྱིས་རྣམ་པར་ངེས་པའི་ཡེ་ཤེས་ལ་མཁས་ཤིང་ཆོས
276a2 ཀྱི་སྣང་བ་དང་ལྡན་པས་དམ་པའི་ཆོས་ཡོངས་སུ་བཟུང་བར་བགྱིའོ།། བྱང་ཆུབ་སེམས་དཔའ་ཞེ་འགྲས་པ་མྱེད་པའི་བློས་གསོལ་ད་པ།། བཅོམ་ལྡན་འདས་ཞེ་འགྲས་པའི་སེམས་དང་། སེམས་ཅན་རྗེས་སུ་མྱི་སྲུང་བའི་བློ།
276a3 དམ་པའི་ཆོས་ཡོངས་སུ་གཟུང་བར་མྱི་ནུས་ཏེ། བཅོམ་ལྡན་འདས་བདག་གིས་ཞེ་འགྲས་པ་མ་མཆིས་པའི་སེམས་དང་། སེམས་ཅན་རྗེས་སུ་བསྲུང་བ་ལ་གནས་ལ་དམ་པའི་ཆོས་ཡོངས་སུ་བཟུང་བར་བགྱིའོ།། བྱང་ཆུབ
276a4 སེམས་དཔའ་པྱོད་པ་རྣམ་དག་བློ་གྲོས་གིས་གསོལ་པ། བཅོམ་ལྡན་འདས་སེམས་ཅན་གི་དབང་པོ་ལ་མྱི་མཁས་ཤིང་སེམས་ཅན་གི་གྱོད་པའི་ཆོ་གྲ་མ་འཚལ་པས་དམ་པའི་ཆོས་ཡོངས་སུ་བཟུང་བར་མྱི་ནུས་ཏེ།
276a5 བཅོམ་ལྡན་འདས་བདག་གིས་སེམས་ཅན་གི་དབང་པོ་དང་། མྱོད། པ་ཤེས་པ་ལ་ཞུགས་ལ་དམ་པའི་ཆོས་ཡོངས་སུ་གཟུང་བར་བགྱི། འོ།། བྱང་ཆུབ་སེམས་དཔའ་བཀོད་པའི་རྒྱལ་པོས་གསོལྡ་པ།
276a6 བཅོམ་ལྡན་འདས་ཆོས་ལ་ཡོངས་སུ་རྟོག་པའི་འདུ་ཤེས་དང་ལྡན་པ་བདག་དང་སེམས་ཅན་དང་ཆོས་ལ་གནས་པས་དམ་པའི་ཆོས་ཡོ་རས་སུ་བཟུང་བར་མྱི་ནུས་ཏེ། བཅོམ་ལྡན་འདས་བདག་གིས་རྟོག།
276a7 པ་དང་རྣམ་པར་རྟོག་པ་དང་། ཡོངས་སུ་རྟོག་པ་ཐམས་ཅད་དང་བྲལ་ཞིང་འཁོར་གསུམ་ཡོངས་སུ་དག་ལ། བདག་དང་སེམས་ཅན་དང་། ཆོས་ལ་མྱི་གནས་པར་བགྱིད་ཅིང་། བཅོམ་ལྡན་འདས་ཀྱི་དམ་པའི་ཆོས་ཡོངས
276a8 སུ་གཟུང་བར་བགྱིའོ།། བྱང་ཆུབ་སེམས་དཔའ་སེང་གེའི་ཏོག་གིས་གསོལ་པ།། བཅོམ་ལྡན་འདས་འཇིག་རྟེན་འདི་ནི་འདི་ལྟ་སྟེ། ཆོས་ཐམས་ཅད་མ་སྐྱེས་པ་དང་མ་བྱུང་བ་ལ་སྐྲག་པའོ།། བཅོམ་ལྡན་འདས
276a9 བདག་གིས་ནི་ཆོས་ཐམས་ཅད་མ་སྐྱེས་པ་དང་མ་བྱུང་བར་འཚལ་ནས།། སྐྲག་པ་མ་མཆིས། ཀུན་ཏུ་སྐྲག་པ་མ་མཆིས་ཤིང་ཆོས་གང་ལ་ཡང་ཉེ་བ་འམ་རིང་བར་མྱི་གནས་པར་བཅོམ་ལྡན་འདས་ཀྱི་དམ་པོའི་ཆོས་ཡོ




iiif viewer powered by OpenSeadragon

275b - 276b

Texts on this page

Ng4.3 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo