| e-texts navigator |
| Wylie |
275b1 ས་དམ་པའི་ཆོས་ཡོངས་སུ་བཟུང་བར་བགྱིའོ།། བྱང་ཆུབ་སེམས་དཔའ་འོད་དྲི་མ་མྱེད་པས་གསོལ་དཔ། བཅོམ་ལྡན་འདས་སེམས་ཅན་དང་། ཆོས་པ་དད་པའི་འདུ་ཤེས་དང་ལྡན་པས་དམ་པའི་ཆོས་ཡོངས་སུ་གཟུང་བན
275b2 མྱི་ནུས་ཏེ། བཅོམ་ལྡན་འདས་བདག་གིས་སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པ་དང་། ཆོས་ཐམས་ཅད་ལ་མཉམ་པ་ཉིད་ཐོབ་པར་བགྱིས་ཏེ། དམ་པའི་ཆོས་ཡོངས་སུ་བཟུང་བར་བགྱིའོ།། བྱང་ཆུབ་སེམས་དང།
275b3 ཁྱད་པར་དུ་འགྲོ་བས་གསོལ་པ། བཅོམ་ལྡན་འདས་མཉམ་པར་མ་བཞག་ཅིང་གཡེང་བའི་སེམས་ཀྱིས་རིམ་པའི་ཆོས་ཡོངས་སུ་གཟུང་བར་མྱི་ནུས་ཏེ། བཅོམ་ལྡན་འདས་བདག་གིས་མཉམ་པར་གཞག་ལ་མྱི་གཡེང་བའི།
275b4 སེམས་ཀྱིས་དམ་པའི་ཆོས་ཡོངས་སུ་གཟུང་བར་བགྱིའོ།། བྱང་ཆུབ་སེམས་དཔའ་དེད་དཔོན་གྱིས་གསོལ་པ། བཅོམ་ལྡན་འདས་ལམ་ཤེས་པའི་ཆོ་ག་མ་འཚལ་ཞིང་། ལམ་ངན་པར་ཞུགས་པ་དམ
275b5 པའི་ཆོས་ཡོངས་སུ་བཟུང་བར་མྱི་ནུས་ཏེ། བཅོམ་ལྡན་འདས་པར། ཀ་གིས་ལམ་ཤེས་པའི་ཆོ་ག་འཚལ་བར་བགྱིས་ལ། སེམས། ཅན་རྣམས་ལམ་ངན་པར་ལས་ཡང་དག་པའི་ལམ་ལ་རབ་ཏུ་འགོ།
275b6 ཅིང་དམ་པའི་ཆོས་ཡོངས་སུ་བཟུར་བར་བགྱིའོ།། བྱང་ཆུབ་སེམ་ཟོ་གྲོས་ལེགས་པས་གསོལ་པ།། བཅོམ་ལྡན་འདས་དོག་ས་པའི་སེམས་ཐེ་ཙོམ་དུ་གྱུརྡ་པས་དམ་པའི་ཆོས་ཡོངས་སུ་བཟུང
275b7 བར་གྱི་ནུས་ཏེ། བཅོམ་ལྡན་འདས་བདག་གིས་དོགས་པ་དང་བྲལ་ཞིང་བེ་ཙོམ་ཐམས་ཅད་སྤངས་ལ་དོགས་པའི་ཟུག་རྔུ་ཐམས་ཅད་མཿལ་པ་ཐོབ་པར་བགྱིས་ཏེ།། དམ་པའི་ཆོས་ཡོངས་སུ་བཟུང་བར་བགྱིའོ།། བྱ
275b8 ཆུབ་སེམས་དཔའ་རྣམ་པར་སྡང་བྱེད་ཀྱིས་གསོལ་པ།། བཅོམ་ལྡན་འདས་ཆོས་ལ་མྱི་གནས་ཤིང་བསླབས་པ་ཉམས་པའི་དམ་པའི་ཆོས་ཡོངས་སུ་བཟུང་བར་མྱི་ནུས་ཏེ། བཅོམ་ལྡན་འདས་བདག་གིས་ཆོས་ལ
275b9 གནས་ཤིང་བསྒྲུབ་པ་སྙིང་པོར་བགྱིས་ལ། སེམས་ཅན་རྣམས་ཡང་དག་པའི་ནན་ཏན་ལ་རབ་ཏུ་དཀོད་ཅིང་དམ་པའི་ཆོས་ཡོངས་སུ་བཟུང་བར་བགྱིའོ།། བྱང་ཆུབ་སེམས་དཔའ་སྣང་བ་མཐོང་གིས་གསོལ་པ།