e-texts navigator
Collection
Volume
Page
Wylie

274b1 ཆུབ་སེམས་དཔའ་ཆོས་སྐབས་བསྟནད་པ་འདི་བཤད་པ་ན་ལཱའི་འཁོར་དེ་ལས་ལྷའི་བུ་ཁྲིས་རྗེས་སུ་མཐུན་པའི་ཆོས་ཀྱིས་བཟོད་པ་འཐོབ་པར་གྱུར་ད་ཏོ།། ཡོན་ཏན་གི་རྒྱལ་པོ་སྣང་བ་དེའི་ཚེ་དེའི་དུས་ན། བྱང་ཆུབ་སེམས་དཔའ་ཆོས
274b2 སྨྲ་བར་འགྱུར་པ་ཞེས་བྱ་བ་དེ་གཞན་ཞིག་ཡིན་པ་སྙམ་དུ་དོགས་ཤིང་ཐེ་ཙོམ་ཟ་འམ་ཡིད་གཉིས་སུ་གྱུར་ད་ན། དེ་དེ་ལྟར་གྱི་ལྟའོ།། དེ་ཅིའི་ཕྱིར་ཞེ་ན། ཡོན་ཏན་གི་རྒྱལ་པོ་སྣང་བ་ཁྱོད་ཉིད་དེའི་ཚེ་དེའི་དུས་ན། ཆོས་སྨྲ་བའི།
274b3 བྱང་ཆུབ་སེམས་དཔའ་ཞེས་བྱ་བར་གྱུརྡ་ཏོ།། དེའི་ཕྱིར་ཡོན་ཏན་གི་རྒྱལ་པོ་སྣང་བ་རས་བསྐལ་པ་གྲངས་མྱེད་པ་བྱེ་བར་སྒྲུབས་པ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདི་ཁྱོད་ལ་གཏད་དོ།། གཟུང
274b4 བ་དང་། ཀུན་ཆུབ་པར་བྱ་བ་དང་། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་བསྟན་པར་བྱ་བའི་ཕྱིར་འཁོར་འདིའི་མདུན་དུ་ངས་ཁྱོད་ལ་བཅོལ་ལོ།། བཅོམ་ལྡན་འདས་ཀྱིས་གསུང་འདི་གསུངས་མ་བག་ཏུ། དེ་ནས་བྱང
274b5 ཆུབ་སེམས་དཔའ་བྱེ་བ་ཕྲག་དྲུག་བཅུ་སྟན་ལས་ལངས་ཏེ། མ། སྲིན་གཅིག་ཏུ་བཅོམ་ལྡན་འདས་བདག་ཅག་གིས་དེ་བཞིན་གཤེ་གས་པའི་བྱང་ཆུབ་འདི་བཟུང་བར་བགྱིའོ།། ཞེས་སྨྲས་སོ།།
274b6 དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ལ་འདི་སྐད་ཅེས་བཀའ་སཿལ་ཏོ།། རིགས་ཀྱི་བུ་དག་ཁྱོད་ཀྱིས་ཇི་ལྟ་བུ་ཞིག་ལ་གནས་ཏེ་ངས་བསྐལ་པ
274b7 གྲངས་བྱེད་པ་བྱེ་བར་བསླབས་པའི་བྱང་ཆུབ་འདི་འཛིན་པར་བྱེད། བྱང་ཆུབ་སེམས་དཔའ་མི་དབང་རྒྱལ་པོ་ཞེས་བྱ་བ་དེར་འདུས་པར་གྱུར་ཏེ། འདུག་པ་དེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལར་ཏོ།། @#
274b8 ལྡན་འདས་ལུས་དང་སྲོག་ལ་ལྟ་བས་དམ་པའི་ཆོས་ཡོངས་སུ་གཟུང་བར་མྱི་ནུས་ཏེ། བཅོམ་ལྡན་འདས་བདག་གིས་ལུས་དང་སྲོག་ལ་མྱི་ལྟ་བར་བགྱིས་ལ། བཅོམ་ལྡན་འདས་ཀྱི་དམ་པའི་ཆོས་ཡོངས་སུ་བཟུང་བར་བགྱིའོ།།
274b9 བྱང་ཆུབ་སེམས་དཔའ་དཔལ་ཚེགས་ཞེས་བྱ་བ་དེས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་རྙེད་པ་དང་། བཀུར་སྟི་དང་། ཚིགས་སུ་བཅད་པ་ལ་རེ་བས། དམ་པའི་ཆོས་ཡོངས་སུ་གཟུང་བར་མྱི་ནུས་ཏེ། བཙོ




iiif viewer powered by OpenSeadragon

274a - 275a

Texts on this page

Ng4.3 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo