| e-texts navigator |
| Wylie |
274a1 བཅོམ་ལྡན་འདས་ཆོས་ཐམས་ཅད་ནི་མངོན་པར་ཞེན་པས་ཆོས་མ་ལགས་སོ།། ཀར་མངོན་པར་ཞེན་པ་མ་མཆིས་པ་དེ་ནི་ཆོས་སོ།། བཅོམ་ལྡན་འདས་ཆོས་དང་ཆོས་མ་ལགས་པ་གཉིས་ཀྱི་འདུ
274a2 ཤེས་དང་ལྡན་པའི་ཆོས་ཐམས་ཅད་ནི་ཆོས་མ་ལགས་པའོ།། བཅོམ་ལྡན་འདས་འདུ་ཤེས་ཡོངས་སུ་ཤེས་པ་དང་ལྡན་པའི་ཆོས་ཐམས་ཅད་ནི་ཆོས་སོ།། བཅོམ་ལྡན་འདས་དོན་དམ་པ་བསྟནད་ན་ཆོས་དང་ཆོས་མ་ལགས་པ་མྱི
274a3 དམྱིགས་སོ།། གང་ལ་ཆོས་ཀྱི་འདུ་ཤེས་ཀྱང་མ་མཆིས། ཆོས་མ་ལགས་པའི་འདུ་ཤེས་ཀྱང་མ་མཆིས་པ་དེ་ལ་ཆོས་སུ་བགྲང་བ་གར་ཡང་མ་མཆིས་སོ།། གང་ལ་ཆོས་སུ་བགྲང་བ་ལས་གང་ཡང་མ་མཆིས་པ་དེ་མཐའ་མ
274a4 ལགས་པའོ།། གང་མཐའ་མ་ལགས་པ་དེ་ཡང་དག་པའི་མཐའོ།། དེ་ཅིའི་སླད་དུ་ཞེ་ན།། ནི་པའི་མཐའ་ནི་ཡང་དག་ནི་ཡ་ཐཱ་སྟེ། ནི་མའའ་ལ་ནི་ཚད་བཅད་པའི་མཐའ་གང་ཡང་མ་མཆིས་སོ།། ཇི་ལྟར་ནམ་མཁའ་ལ་ཆར་བཅད་པའི་མཐའ་གར་ཡར་མཐའ་གཱ།
274a5 ཡང་མ་མཆིས་པ་དེ་བཞིན་དུ་ཆོས་ཐམས་ཅད་ལ་ཡང་ཚར་བཅད་པའི། མཐའ་གང་ཡང་མ་མཆིས་ཏེ། དེའི་སླད་དུ་ཆོས་ཐམས་ཅད་ནི་ནམ་མ། ཁའི་མཐའ་ཞེས་བགྱིའོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔ
274a6 གང་དག་གིས་ཡང་དག་པའི་མཐའ་བསྟནད་པ་འདི་ཐོས་ནས། དེ་བཞིན་དུ་ཡང་དག་པའི་ཉིད་དུ་ཁས་ལེན་པ་དེ་དག་ལ་ནི་ཆོས་གང་ཡང་གཉིས་སུ་དབྱེ་བར་ཁས་ལེན་པ་མ་ལགས་སོ།། བཅོམ་ལྡན་འདས་བདག
274a7 གིས་ནི་ཆོས་གང་ཡོངས་སུ་བཟུང་བས། དམ་པའི་ཆོས་ཡོངས་སུ་འཛིན་པར་བསྟནད་པའི་ཆོས་གང་ཡང་ཡང་དག་པར་རྗེས་སུ་མཐོར་རོ།། བཅོམ་ལྡན་འདས་བདག་གིས་དེ་ལྟར་བསྟན་ན། དེ་བཞིན་གཤེགས་པས་གསུངས
274a8 པ་སྨྲ་བ་དང་། ཆོས་སྨྲ་བ་དང་། ཆོས་ཀྱི་རྗེས་སུ་འཐུན་པའི་ཆོས་ལུང་སྟོནད་པ་ལྟ་ལགས་སམ། ཡང་དག་པའི་ལུང་བསྟན་པས་ལུང་སྟོན་པ་ལྟ་ལགས་སམ།། བཅོམ་ལྡན་འདས་ཀྱིས་བཀའ་མཅལྡ་པ། རིགས་ཀྱི་བུ་ཡང
274a9 པཔ་སྟེ། དེ་བཞིན་གཤེགས་པས་གསུངས་པ་སྨྲ་བ་དང་། ཆོས་སྨྲ་བ་དང་། ཆོས་ཀྱི་རྗེས་སུ་འཐུན་པའི་ཆོས་སུ་ལུང་བ་སྟོན་པ་ཡིན་ནོ།། ཡང་དག་པའི་ལུང་བསྟན་པས་ལུང་སྟོནད་པ་ཡིན་ནོ།། རིགས་ཀྱི་བུ་དེ་ལྟར་ན་བྱང