| e-texts navigator |
| Wylie |
273b1 ཀང་བསྒྲུབ་པར་མྱི་བྱ། སྤང་བར་ཡང་མྱི་བྱ་འདི་ནི་ཆོས་སོ།། འདི་ནི་འདུལ་བའོ།། བསྒྲུབས་ནས་སྤང་བར་བྱ་བའི་ཆོས་གང་ཞེ་ན་འདུས་བྱས་ཀྱི་ལམ་སྟེ། བསྒྲུབས་ནས་སྤང་བར་བྱ་བ་དེ་ནི་ཆོས་མ་ཡིན་འདུལ་བ་མ་ཡིན་ནོ།།
273b2 བསྒྲུབ་པར་བྱ་བ་ཡང་མ་ཡིན། སྤང་བར་བྱ་བ་ཡང་མ་ཡིན་པ་གང་ཞེ་ན། གང་བརྗོད་དུ་མྱེད་པ་དང་། སྐྱེ་བ་མྱེད་པ་དང་། འབྱུང་བ་མྱེད་པ་སྟེ། དེ་ནི་བསྒྲུབ་པར་བྱ་བ་ཡང་མ་ཡིན། སྤང་བར་བྱ་བ་ཡང་མ་ཡིན་པའོ།། གང
273b3 བསྒྲུབ་པར་བྱ་བ་ཡང་མ་ཡིན་སྤང་བར་བྱ་བ་ཡང་མ་ཡིན་པ་དེ་ཆོས་སོ།། དེ་ནི་འདུལ་བའོ།། ཅིའི་ཕྱིར་དེ་ཆོས་མ་ཡིན། དེ་འདུལ་བ་ཡིན་ཞེ་ན། རང་བཞིན་གིས་མ་སྐྱེས་པའི་ཉོན་མོངས་པ་རྣམས་སྐྱེ་བར་མྱི་བྱེད་པས།
273b4 དེའི་ཕྱིར་ཆོས་མ་ཡིན་འདུལ་བ་མ་ཡིན་ཞེས་བྱའོ།། ཆོས་དང་འདུལ་བ་གང་ཡིན་པ་དེ་ནི་སྐྱེ་བ་མྱེད་འགག་པ་མྱེད་དོ།། གང་སྐྱེ་བ་མྱེད་ཅིང་འགས་པ་མྱེད་པ་དེ་ནི་ཟད་པར་མྱི་འགྱུར་རོ།། དེ་ལྟར་ཟད་པ་མྱེད་པ་དང་སྐྱེ་བ
273b5 མྱེད་པའི་ཆོས་འདུལ་བ་དེ་ནི། ཇི་ལྟར་འབྱུང་བ་མྱེད་པ་དེ་ལྟར་ཡོད་སུ་གཟུང་བ་མྱེད་དོ།། གང་ཡོངས་སུ་གཟུང་བ་མྱེད་པ་དེ། དམ་པ། འི་ཡོངས་སུ་འཛིན་པའོ།། རིགས་ཀྱི་བུ་དེ་ལྟར་བཅོམ་ལྡན་འདས
273b6 ཡེ་ཤེས་ཆེན་པོའི་སྟོབས་བསྒྲགས་པའི་དེ་བཞིན་གཤེགས་པ་དེས་བསྟནད་པ་འདི་བཤད་བ་ན། བྱང་ཆུབ་སེམས་དཔའ་སེམས་དང་། འ་ཆེན་པོ་སུམ་ཁྲི་ཉིས་སྟོར་མྱི་སྐྱེ་བའི་ཆོས་ལ་བཟོད་པ་སྐྱེས་སོ།།
273b7 བྱང་ཆུབ་སེམས་དཔའ་ཆོས་སྤ་བས། བཅོམ་ལྡན་འདས་དེ་ལས་བསྟནད་པ་འདི་ཐོས་ནས་ཚིམ་ཞིང་མགུ་ལ་ཡི་རངས་ཤིང་རབ་ཏུ་དཀའ་སྟེ། དཀའ་བ་དང་ཡིད་བདེ་བ་སྐྱེས་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས
273b8 གསོས་ཏོ།། བཅོམ་ལྡན་འདས་ཇི་ཙམ་དུ་དེ་བཞིན་གཤེགས་པས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དམ་པའི་ཆོས་ཡོངས་སུ་འཛིན་པ་འདི་ལེགས་པར་གསུངས་པ་ནི་ངོ་མཚར་ཏོ།། བཅོམ་ལྡན་འདས་ཇི་ལྟར
273b9 བདག་གི་བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་འཚལ་བ་ལྟར་ན། བདག་འདི་སྙ་མ་བགྱིད་དེ། བཅོམ་ལྡན་འདས་ཆོས་ཐམས་ཅད་ཆོས་མ་ལགས་སོ།། གང་ཆོས་མ་ལགས་པ་དེ་ནི་ཆོམ་མོ།། དེ་ཅིའི་སྲདང་དུ་ཞེན