e-texts navigator
Collection
Volume
Page
Wylie

273a1 འདི་ནི་ཡུལ་ལ་རབ་ཏུ་འཕྱར་བ་སྟེ། གང་ཟློག་པ་དང་། ཡོངས་སུ་བསྲུང་བ་དང་། ཚེ་གཅིག་ཏུ་འགྱུར་བ་དང་། དུལ་བ་དང་ཞི་བ་དང་། ཉེ་བར་ཞི་བ་དང་། འདུལ་བ་འདི་ནི་དམ་པའི་ཆོས་ཡོངས་སུ་འཛིན་པ་ཞེས་བྱའོ།།
273a2 དེ་ཅིའི་ཕྱིར་ཞེ་ན། མྱིག་དང་། གཟུགས་དང་། མྱིག་གི་རྣམ་པར་ཤེས་པ་ཞེས་བྱ་བའི་ཆོས་མ་ཡིན་པ་འདི་ནི་མ་ཡིན་པའོ།། རྣ་བ་དང་སྒྲ་རྣམས་དང་། རྣ་བའི་རྣམ་པར་ཤེས་པ་དང་། སྣ་དང་དྲི་རྣམས་དང་། སྣའི་རྣམ་པར
273a3 ཤེས་པ་དང་། ལྕེ་དང་རོ་རྣམས་དང་། ལྕེའི་རྣམ་པར་ཤེས་པ་དང་། ལུས་དང་རེག་བྱ་དང་། ལུས་ཀྱི་རྣམ་པར་ཤེས་པ་དང་། ཡིད་དང་ཆོས་རྣམས་དང་། ཡིད་ཀྱི་རྣམ་པར་ཤེས་པ་ཆོས་མ་ཡིན་པ་འདི་ནི་ཆོས་མ་ཡིན་པའོ།། གང
273a4 མྱིག་དང་གཟུགས་སྟོང་པར་རིག་ནས། ཡིད་དང་གཟུགས་ལ་རྣམ་པར་མྱི་རྟོག་ཅིང་། མྱིག་གི་རྣམ་པར་ཤེས་པ་གནས་པ་མྱེད་པ་འདི་ནི་དམ་པའི་ཆོས་ཡོངས་སུ་འཛིནད་པའོ།། གར་ཡང་དག་པའི་ཡེ་ཤེས་ཀྱིས
273a5 དེ་གཞན་དག་ལ་གོ་བར་བྱེད་པ་ལ་མཁས་པ་འདི་ནི་དམ་པའི་ཚེ།། ས་ཡོངས་སུ་འཛིན་པའོ།། དེ་བཞིན་དུ་རྣ་བ་དང་སྒྲ་དང་སཱ་དང་། དྲི་དང་ལྕེ་དང་རོ་དང་། ལུས་དང་རེག་བྱ་དང་། ཡིད་དང་ཆོས་རྣམས
273a6 སྟོང་པར་རིག་ནས་ཡིད་དང་ཆོས་རྣམས་ལ་རྣམ་པར་མྱི་རྟོག་ཅིང་ཡིད་ཀྱི་རྣམ་པར་ཤེས་པ་ལ་གནས་པ་མྱེད་པ་འདི་ནི་དམ་པའི་ཆོས་ཡོངས་སུ་འཛིན་པའོ།། དེ་ཡང་དག་པའི་ཡེ་ཤེས་ཀྱིས་གཞན་དག་ལ་གོ་བར
273a7 བྱེད་པ་ལ་མཁས་པ་འདི་ནི་དམ་པའི་ཆོས་ཡོངས་སུ་འཛིནད་པའོ།། རིགས་ཀྱི་བུ་གཞན་ཡང་ཆོས་གང་གིས་ཆོས་གང་བྱུང་བའི་ཆོས་དེ་ལ་ཡོངས་སུ་འཛིན་པ་དང་མྱི་ལེན་པ་འདི་ནི་དམ་པའི་ཆོས་ཡོངས་སུ་འཛིནད་པའོ།།
273a8 ལྟ་བ་གང་གིས་ལོག་པར་ལྟ་བ་ལ་གནས་པར་བྱེད་པའི་ལྟ་བ་དེ་ལ་ཡོངས་སུ་མྱི་འཛིན་ཅིང་། བྱི་ལེན་པ་འདི་ནི་དམ་པའི་ཆོས་ཡོངས་སུ་འཛིན་པའོ།། མྱིགས་པ་གཏི་མུག་གི་ཡིང་ཏོག་གང་གིས་སེམས་ཡོངས་སུ་དཀར་བར
273a9 མྱི་འགྱུར་བའི་གཏི་མུག་གི་ལིང་ཏོག་ཡོངས་སུ་མྱི་འཛིན་ཅིང་མྱི་ལེན་པ་འདི་ནི་དམ་པའི་ཆོས་ཡོངས་སུ་འཛིན་པ་ཞེས་བྱའོ།། རིགས་གི་བུ་གཞན་ཡང་གང་བསྒྲུབས་ནས་སྤང་བར་བྱ་བ་དེ་ནི་ཆོས་མ་ཡིན་པ་འདུལ་བ་མ་ཡིན




iiif viewer powered by OpenSeadragon

272b - 273b

Texts on this page

Ng4.3 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo