| e-texts navigator |
| Wylie |
272b1 འཇིག་རྟེན་གི་ཁམས་འོད་རྣམ་པར་དག་པར། བཅོམ་ལྡན་འདས་ཡེ་ཤེས་ཆེན་པོའི་སྟོབས་བསྒྲགས་པ་ཞེས་བྱ་བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ།
272b2 བར་གཤེགས་པ་འཇིག་རྟེན་མཁྱེན་པ་སྐྱེས་བུ་འདུལ་བའི་ཁ་ལོ་བསྒྱུར་བ་བླ་ན་མྱེད་པ་ལྷ་དང་མྱི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་བྱུང་ངོ་།། རིགས་ཀྱི་བུ་འཇིག་རྟེན་གི་ཁམས་འོད་རྣམ་པར་དག་པ་དེ་ནི།
272b3 བྱེ་དཱུརྱ་ལས་གྲུབ་པ་ཤིན་ཏུ་རྣམ་པར་དག་པ། ཕྱོགས་བཅུ་སྣང་བས་རྒྱས་པར་འགེངས་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མངོན་པར་ཤེས་པ་ཆེན་པོའི་སྟོབས་ཀྱིས་རྣམ་པར་ཆེན་པ།། ཆོས་ཟབ་མོ་ལས་ངེས
272b4 པར་འབྱུང་བ་ཉི་ཅེའི་གནས་སུ་གྱུདད་པའོ།། དེའི་ཚེ་སེམས་ཅན་དེ་དག་གི་ལོངས་སྤྱོད་ནི་ལྷའི་བུ་རབ་འཕྲུལ་གི་དང་འདྲ་བར་གྱུརྡ་ཅིང་། ལྷའི་བུའི་གཟུགས་ཉིད་ཀྱིས་བཅོམ་ལྡན་འདས་དེ་ལ་ཆོས་ཉན་ཏོ།། དེ་ལ
272b5 པ་དང་རབ་ཏུ་བྱུང་བ་ཐ་དད་དུ་བྱ་བ་མྱེད་དོ།། བཅོམ་ལྡན་འདས་ཡེ་ཤེས་ཆེན་པོའི་སྟོབས་བསྒྲགས་པའི་དེ་གཤེགས་པ་དེས་རིགས་ཀྱི་བུ་དག་ཁྱེད་ཀྱིས་ལུས་དང་སྲོག་འདོར་ཞིང་དམ་པའི་ཆོས་ཡོངས
272b6 སུ་བཟུང་བ་ལ་མངོན་པར་བཚོན་པར་བྱའོ།། ཞེས་དམ་པའི་ཚེ་ས་ཡོངས་སུ་བཟུང་བའི་གཏམ་ཉིད་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་ཏོ། དེའི་ཚེ་དེའི་དུས་ན། བྱང་ཆུབ་སེམས་དཔལ་སེམས་དཔའ་ཆེན
272b7 བོ་ཆོས་སྦ་བ་ཞེས་བྱ་བ་འཁོར་དེ་ཉིད་དུ་འདུས་པར་གྱུར་ཏེ་འདུག་གོ།། དེ་ནས་བཅོམ་ལྡན་འདས་ཡེ་ཤེས་ཆེན་པོའི་སྟོབས་བསྒྲགས་པའི་དེ་བཞིན་གཤེགས་པ་དེ་ལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ
272b8 ཆོས་སྨྲ་བས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་དམ་པའི་ཆོས་ཡོངས་སུ་འཛིན་པ་ལགས།། བྱང་ཆུབ་སེམས་དཔལ་གང་ཡོངས་སུ་གཟུང་བར་བགྱི་བའི་ཆོས་དེ་གང་ལགས
272b9 དེ་སྐད་ཅེས་གསོལྡ་པ་དང་། བཅོམ་ལྡན་འདས་ཡེ་ཤེས་ཆེན་པོའི་སྟོབས་བསྒྲགས་པ་དེ་བཞིན་གཤེགས་པ་དེས་བྱང་ཆུབ་སེམས་དཔའ་ཆོས་སྨྲ་བ་ལ་འདི་སྐད་ཅེས་བཀ་ལ་མཿལད་ཏོ།། རིགས་ཀྱི་བུ་ཀྱེ་མའོ་སེམས