| e-texts navigator |
| Wylie |
272a1 བྱེད་པ་དང་། ལྡང་བ་དང་། རིམ་གྲོ་བྱེད་པ་དང་། གུས་པར་བྱེད་པ་དང་། ཞེས་བྱེད་པ་དང་། སྟི་སྟང་བྱེད་པ་དང་། ཀུན་ཏུ་བསྲུང་པ་དང་། བསྲེད་པ་དང་། ཡོངས་སུ་འཛིན་པ་དང་། གོས་དང་ཟས་དང་། མལ་ཙ་དང་། ན་ག
272a2 འི་གསོས་སྨན་དང་། ཡོ་བྱད་སྦྱིན་པ་དང་། ལེགས་སོ་ཞེས་བྱ་བའི་སྦྱིན་པ་དང་། ཇོ་བོ་ལྟེ་བུར་ཀུན་ཏུ་སྲུང་བ་དང་། དགེ་བ་ཀུན་ཏུ་སྲུང་བ་དང་། བསྔགས་པ་བརྗོད་པ་དང་། མྱི་སྙན་པ་འཆབ་པ་འདི་ཡང་དམ་པའི་ཆོས་ཡོངས་སུ
272a3 འཛིནད་པའོ།། རིགས་ཀྱི་བུ་གཞན་ཡང་གང་སྟོང་པ་ཉིད་ལ་མོས་པ་དང་། མཚན་མ་མྱེད་པ་ལ་ཡིད་ཆེས་པ་དང་། སྨོནད་པ་བྱེད་པ་ལ་སོམ་ཉི་མྱེད་པ་དང་། མངོན་པར་འདུ་བྱ་བ་མྱེད་པ་ལ་དེ་ཁོ་ན་ཉིད་དུ་ངེས་པར་སེམས་པ་འ།
272a4 ཡང་དམ་པའི་ཆོས་ཡོངས་སུ་འཛིན་པའོ།། རིགས་ཀྱི་བུ་གཞན་ཡང་ཆོད་པ་མྱེད་པར་ཡུར་ལེན་པ་དང་། ཆོས་མ་ཡིན་པའི་ཆོད་པའི་རྣམས་ཆོས་དང་འཐུན་པས་ཚར་གཅོད་པ་འདི་ཡང་དམ་པའི་ཆོས
272a5 ཡོངས་སུ་འཛིན་པའོ།། རིགས་ཀྱི་བུ་གཞན་ཡང་ཞེ་སྡང་བ་མྱེད་པའི་རྒྱུད་དང་། སེམས་བསྡུ་བ་དང་། རབ་ཏུ་ཐ་རང་བར་བྱ་བའི་བློ་དང་། ཟང་ཟིང་མྱེད་པའི་སེམས་ཀྱིས་གཞན་དག་ལ་ཆོས་སྦྱིན་པའོ།
272a6 ཡང་དམ་པའི་ཆོས་ཡོངས་སུ་འཛིན་པའོ།། རིགས་ཀྱི་བུ་གཞན་ཡ་ལུས་སྲོག་འདིར་མདོ་སྡེ་འདི་ལྟ་བུ་འདི་དག་ཀུན་ཏུ་བསྲུང་བ་དང་། སྲེད་པ་དང་། བསྒྲུབ་པར་དགོན་པ་ན་གནས་པ་འདི་ཡང་དམ་པའི་ཆོས་ཡོངས
272a7 སུ་འཛིན་པའོ།། རིགས་ཀྱི་བུ་གཞན་ཡང་གང་ཆོས་མཉན་པའི་རྒྱུ་ལས་བྱུང་བའམ། ཆོས་བསྟནད་པའི་རྒྱུ་ལས་བྱུང་བས་ཟ་ན་གོམ་པ་གཅིག་འདོར་རམ། ཟ་ན་དབུགས་འབྱིན་པ་འམ་རྔུབ་པ་གཅིག་ཀྱང་རུང་སྟེ། འདི་ཡང
272a8 དམ་པའི་ཆོས་ཡོངས་སུ་འཛིན་པའོ།། རིགས་ཀྱི་བུ་གཞན་ཡང་གང་ཆོས་ཐམས་ཅད་ཡོངས་སུ་མྱི་འཛིན་ཅིང་། མྱི་ལེན་པ་འདི་ཡང་དམ་པའི་ཆོས་ཡོངས་སུ་འཛིན་པ་ཞེས་བྱའོ།། ཡོན་ཏན་གི་རྒྱལ་པོ་སྣང་བ་ཁྱོད་ཀྱིས
272a9 ནམ་གྲངས་འདིས་ཀྱང་འདི་ལྟར་རིག་པར་བྱའོ།། རིགས་ཀྱི་བུ་སྔོན་བྱུང་བ་འདས་པའི་དུས་ན། བསྐལ་པ་གྲངས་མྱེད་པའི་ཡང་ཆེས་གྲངས་མྱེད་པར་གྱུར་པ་དེའི་ཚེ། དེའི་རུས་ན་དགའ་བ་འཕགས་པའི་བསྐལ་དཔ་ལ