e-texts navigator
Collection
Volume
Page
Wylie

271b1 པ་ཉན་པར་བྱེད།། དེ་བཞིན་གཤེགས་པའི་དམ་པའི་ཆོས་འཛིནད་པ།། ལུས་དང་རག་དང་ཡིད་ཀྱང་རྣམ་པར་དག། ཚུལ་ཁྲིམས་ཏིང་ངེ་འཛིན་ཤེས་རབ་རྣམ་པར་དག། རྣམ་པར་གྲོལ་བ་ཡེ་ཤེས་ཤིན་ཏུ་རྣམ་པར་དག། དེ་བཞི
271b2 གཤེགས་པའི་དམ་པའི་ཆོས་འཛིན་པ།། དེ་ནི་བྱང་ཆུབ་སེམས་བརྗེད་འགྱུར་བ་མྱེད།། ཕ་རོལ་ཏུ་ཕྱིནད་པ་གྱོད་དང་འགལ་མྱི་འགྱུར།། དགེ་བ་བརྒྱ་རྣམས་ཀྱིས་ཀྱང་རབ་ཏུ་བཟུང་།། དེ་དག་རྣམས་ཀྱི་ཡོན་ཏན་ཕན་ཡོན
271b3 རྣམས།། བསྐ་ཡང་པ་རྒྱུན་མྱི་འཆད་པར་རབ་བརྗོད་ཀྱང་།། དམ་པའི་ཆོས་འཛིན་པའི་ཕན་ཡོན་འདི་དག་ནི།། བརྗོད་པས་ཐ་མར་འཛིན་པར་མྱི་འགྱུར་རོ།། །
271b4 སངས་རྒྱས་ཀྱི་ཆོས་བསྟནད་པའི་ལེའུ་སྟེ་དྲུག་པའོ།། ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ཡོན་ཏན་གི་རྒྱལ་པོ་སྡང་བ་ཞེས་བྱ་བ། འཁོར་དེ་ཉིད་དུ་འདུས་པ
271b5 གྱུརྡ་ཏེ། འདུས་པ་དེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོ། ལང་ཏོ།། བཅོམ་ལྡན་འདས་ཀྱིས་ང་རྨོ་གང་མངོན་པར་རྫོགས་པར། སངས་རྒྱས་པ་དེ་བརྗོད་དུ་མྱེད་དོ་ཞེས་གསུངས་ན། བཅོམ་ལྡན
271b6 འདས་ཆོས་བརྗོད་དུ་མ་མཆིས་པ་ལགས་ན། དམ་པའི་ཆོས་ཡོངས་སུ་བཟུང་བ་ཇི་ལྟ་བུ་ཞིག་ལགས།། བཅོམ་ལྡན་འདས་ཀྱིས་བཀའ་སཿལད་པ།། རིགས་ཀྱི་བུ་དེ་དེ་བཞིན་ནོ།། ཇི་སྐད་སྨྲས་པ་དེ་དེ
271b7 བཞིན་ཏེ། ཆོས་གང་ངས་མངོན་པར་རྫོགས་པར་སངས་རྒྱས་པའི་དེ་བརྗོད་དུ་མྱེད་དོ།། རིགས་ཀྱི་བུ་འོན་ཀྱང་ཡི་གེའི་ངེས་པའི་ཚིག་གང་གིས་བརྗོད་དུ་བྱེད་པ་འདུས་མ་བྱས་ཀྱི་ཆོས་དེ་བསྙད་པའི་ཡི་གེའི་ཉེས་པའི་ཚིག་དེ་དག།
271b8 གང་ལེན་པ་དང་། འཛིན་པ་དང་། སྟོནད་པ་དང་། རབ་ཏུ་ཤེས་པར་བྱེད་པ་དང་། འཇོག་པ་དང་། རྣམ་པར་འགྲེལ་པ་དང་། རྣམ་པར་འབྱེད་པ་དང་། གསལ་པར་བྱེད་པ་དང་། ཡང་དག་པར་རབ་ཏུ་སྟོནད་པར་བྱེད་པ་འདི་ནི་དམ
271b9 པའི་ཆོས་ཡོངས་སུ་འཛིན་པ་ཞེས་བྱའོ།། རིགས་ཀྱི་བུ་གཞན་ཡང་ཆོས་སྨྲ་བ་གང་དག་ཡདོ་སྡེ་འདི་ལྟ་བུ་འདི་དག་འཛིན་པ་དང་། སྟོནད་པ་དང་། སྒྲུབ་པའི་ཆོས་སྨྲ་བ་དེ་དག་ལ་གང་སྟེན་པ་དང་། སྟེནད་པ་དང་། བསྙེན་བཀུར




iiif viewer powered by OpenSeadragon

271a - 272a

Texts on this page

Ng4.3 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo