| e-texts navigator |
| Wylie |
270b1 ཆོས་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པས་ཆོས་ཀྱི་དབྱིངས་སྡང་བ་སྟེ། བློ་གྲོས་རྒྱ་མཚོ་ཡེ་ཤེས་ཀྱིས་ཡོངས་སུ་བཟུང་བའི་བྱང་ཆུབ་སེམས་དཔའི་སྡང་བར་འགྱུར་བ་བཞི་པོ་དེ་དག་གོ།། བློ་གྲོས་རྒྱ་མཚོ་དེ།
270b2 བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་མོ་ཡོན་ཏན་གི་ཕན་ཡོན་འདི་དག་ཡོངས་སུ་འཛིན་པར་འདོད་པས་དམ་པའི་ཆོས་ཡོངས་སུ་བཟུང་བ་ལ་མངོན་པར་བརྩོན་པར་བྱའོ།། བློ་གྲོས་རྒྱ་མཚོ་དམ་པའི་ཆོས་ཡོངས་སུ
270b3 འཛིན་པ་ལ་མངོན་པར་འཟོན་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོན་ཏན་གི་ཁྱད་པར་ཆད་མྱེད་པར་འགྱུར་རོ།། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་གསུངས་སོ།། དེ་བཞིན་གཤེགས་པའི།།
270b4 དམ་པའི་ཆོས་གང་འཛིནད་པ།། དེ་དག་ཕན་ཡོན་རྣམ་པ་ཡང་འདར་ཏེ།། དེ་ལས་ཕྱོགས་ཙམ་ཡོངས་སུ་བརྗོད་པར་བྱ།། དཔེར་ནཿམཚོའི་ཆུ་ལས་ཕིགས་པ་བཞིན།། དེ་བཞིན་གཤེགས་པའི་དང།
270b5 པའི་ཆོས་འཛིན་པ།། དེ་ནི་དེ་བཞིན་གཤེགས་པ་ལ་བྱས་པ་ག་སོ་། ཡིན།། རྒྱལ་བ་རྣམས་ཀྱི་མཛོད་འཛིན་ཡིད་བརྟན་ཅིང་།། ཕྱོན། ས་བཅུ་རྣམས་སུ་སངས་རྒྱས་མཆོད་པ་ཡིན།། སངས་རྒྱས
270b6 ཀྱིས་གཟིགས་པའི་ཞིང་མང་པོ།། རིན་ཅེན་བཀང་སྟེ་དེ་བཞིན་གཤེག་ས་ལ་ཕུལ།། ཟད་པའི་དུས་ན་ཇི་ལྟར་ཆོས་འཛིན་ལྟར།། བསོད་ནམས་ཕུང་པོ་ཅི་ཙམ་འཕེལ་མ་ཡིན།། འཇིག་རྟེན་ཟང་ཟིང་རྒྱ
270b7 ལ་སྟི་སྤང་བྱས།། འཇིག་རྟེན་བྱེད་ལས་ནམ་ཡང་གྲོལ་གྱི་འགྱུར།། འཇིག་རྟེན་འདས་པའི་ཆོས་ནི་གང་ཚོལ་བ།། མཁས་པ་དེ་ནི་འཇིག་རྟེན་ཆོས་ལས་འདལ།། དེ་བཞིན་གཤེགས་པའི་དམ་པའི་ཆོས་འཛིན་པ།། རྒྱ
270b8 བ་རྣམས་ཀྱིས་ཡོངས་སུ་བཟུང་བར་འགྱུར།། ལྷ་དང་ཀླུ་དང་མྱི་འམ་ཅི་རྣམས་དང་།། བསོད་ནམས་ཡེ་ཤེས་ཀྱིས་ནི་ཡོངས་སུ་བཟུང་།། དེ་བཞིན་གཤེགས་པའི་དམ་པའི་ཆོས་འཛིན་པ།། དྲན་ལྡན་བློ་གྲོས་ལྡན་ཞིང
270b9 ཐོ་ལྡམ།། ཤེས་རབ་བརྒྱ་ཆེན་ཀུན་ནས་ཡེ་ཤེས་ལྡན།། མཁས་པ་བག་ཆགས་བཅས་པའི་ཉོན་མོངས་སྤོང་།། དེ་བཞིན་གཤེགས་པའི་དམ་པའི་ཆོས་འཛིན་པ།། དེ་ལ་བདུད་ཀྱིས་སྐྱོན་ཆགས་རྙེད་མྱི་འགྱུར།། དེ་འགྱོད