e-texts navigator
Collection
Volume
Page
Wylie

269b1 མཆོག་པདག་སངས་རྒྱས་ཀྱི་ཆོས་ཟབ་འདི་དག་ལ་སྐྲག་པར་གྱི་འགྱུར་བའི་སེམས་ཅན་དེ་དག་ནི་དགེ་བའི་ཆབསྐྱེད་པ་དང་། སྔོན་གི་རྒྱལ་བ་ལ་བསྙེན་བཀུར་བྱས་པ་ཡིན་ནོ།། བློ་གྲོས་རྒྱ་མཚོ་མདོ་སྟེ་ཟབ་མོ་འཇིག་རྟེན་ཐམས་ཅད་ཀྱི་མཐུན
269b2 བ་འདི་དག་རིག་ནས་འཆང་བ་དང་། འཛིན་པ་དང་། གཞན་དག་ལ་ཡང་རྒྱ་སེར་ཡང་དག་པར་རབ་ཏུ་སྟོནད་པ་དེ་དང་དེ་དག་ནི་དེ་བཞིན་གཤེགས་པའི་ཆོས་ཀྱི་མཛོད་འཛིན་པ་དག་གོ།། སེམས་ཅན་ཐམས་ཅད་ཀྱི་དགེ་བའི་ཕྱོགས་འཛིན་པ་རེག་རྒ།
269b3 བྲོ་གྲོས་རྒྱ་ལཚོ་བྱང་ཆུབ་སེམས་དཔའ་གང་གིས་སངས་རྒྱས་ཀྱི་རྒྱན་གྱིས་གཟིགས་པ་སངས་རྒྱས་ཀྱི་ཞིང་ཆད་བྱེད་པ་ཐམས་ཅད་རིང་པོ་ཆེ་ཐམས་ཅད་ཀྱིས་ཡོངས་སུ་བཀང་སྟེ། དེ་བཞིན་གཤེགས་པ་ལ་མཆོད་པའི་ལས་ཀྱི་ཕྱིར་དབུལ
269b4 བར་ཕུལ་ན། བློ་གྲོས་རྒྱ་མཚོ་དེ་ལ་ཇི་སྙམ་དུ་སེམས།། བྱང་ཆུབ་སེམས་དཔའ་དེ་བཞི་དེ་ལས་བསོད་ནམས་མང་དུ་བསྐྱེད་དམ།། གསོལ་པ། བཅོམ་ལྡན་འདས་མར་ལགས་སོ།། བདེ་བར་གཤེགས་པ་ཚད་མ་མཆིས་ལཿ།
269b5 སོ།། བསོད་ནམས་ཀྱི་ཕུང་པོ་དེ་ནི་ཇི་ཙམ་དུ་དཔེལ་བགྱི་བར་སླ་བ་མ་ལགས་པ། དེ་ཙམ་དུ་བསོད་ནམས་ཀྱི་ཕུང་པོ་ཚད་མ་མཆིས་པར་འགྱུར་རོ།། བཅོམ་ལྡན་འདས་ཀྱིས་བཀའ་སཿལད་པ།། བློ་གྲོས
269b6 རྒྱ་མཚོ་ཁྱོད་མོས་པར་བྱའོ།། ཁྱོད་ཀྱི་ཁོང་དུ་ཆུད་པར་བྱའོ།། གང་དེ་བཞིན་གཤེགས་པའི་བསྟན་པ་ཀུན་ཏུ་སྲུང་བ་དང་། དཀོན་མཆོག་གསུ་མ་ཀི་རིགས་མྱི་འཆད་པར་བྱ་བའི་ཕྱིར། སེམས་ཅན་ཐམས་ཅད་ལ
269b7 སྙིང་རྗེ་ཆེན་པོ་བསྐྱེད་ནས། མདོ་སྡེ་ཟབ་མོ་འདི་ལྟ་བུ་འདི་དེ་བཞིན་གཤེགས་པའི་ཡེ་ཤེས་བསྒྲུབ་པར་རིག་ནས་འཛིན་པ་དང་། འཆང་བ་དང་། ཀུན་ཆུབ་པར་བྱེད་པའི་བྱང་ཆུབ་སེམས་དཔའ་དེ་ནི། དེ་བས་ཀྱང་ཚེས་བསོད་ནས།
269b8 མང་དུ་སྐྱེད་ན། གང་དེ་བཞིན་དུ་སྒྲུབ་པ་ལྟ་སྨོས་ཀྱང་ཅི་དགོས།། དེ་ཅིའི་ཕྱིར་ཞེ་ན། བློ་གྲོས་རྒྱ་མཚོ་ཟང་ཟིང་གི་སྦྱིན་པ་དེ་ཐམས་ཅད་ནི་འཇིག་རྟེན་ལ་སྟེནད་པའོ།། ཆོས་ཀྱི་སྦྱིན་པ་འདི་ནི་འཇིག་རྟེན་ཐམས་ཅད་ལས་ཤིན་ཏུ
269b9 འདལ་བར་འགྱུར་བའོ།། བློ་གྲོས་རྒྱ་མཚོ་དམ་པའི་ཆོས་ཡོངས་སུ་འཛིན་པ་ནི། ཡོངས་སུ་བཟུང་བ་བཞི་རབ་ཏུ་འཐོབ་པ་སྟེ། བཞི་གང་ཞེ་ན། སངས་རྒྱས་ཀྱིས་ཡོངས་སུ་བཟུང་བ་རབ་ཏུ་འཐོབ་པ་དང་། ལྷས་ཡོངས་སུ་བཅུང




iiif viewer powered by OpenSeadragon

269a - 270a

Texts on this page

Ng4.3 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo