e-texts navigator
Collection
Volume
Page
Wylie

269a1 ཀྱི་སྟོབས་དེ་དག་ལེགས་པར་བཤང་བ་ནི་ལེགས་སོ་ལེགས་སོ།། སྟོབས་ཇི་ལྟ་བུ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ནི་གང་ཟོས་ནས་སྐྲག་པར་འགྱུར་བའི་སངས་རྒྱས་ཀྱི་ཆོས་དེ་གང་ཡང་མྱེད་དོ།། བློ་གྲོས་རྒྱ་མཚོ་བསྟན་པཱི།
269a2 སྒྲ་དེ་དག་ཐམས་ཅད་ནི་འཇིག་པའོ།། བྱང་ཆུབ་ཀྱི་དོན་དམ་པ་གང་ཡིན་པ་དེ་ཡང་བརྗོད་པར་མྱི་ནུས་སོ།། དེ་ཅིའི་ཕྱིར་ཞེ་ན། བརྗོད་དུ་མྱེད་པ་ནི་བསྙད་དུ་མྱེད་པ་སྟེ། དེ་ལ་ནི་ཡི་གེ་རྣམས་ཀུན་ཏུ་མྱི་རྒྱུའོ།། དེ་ལ་ནི་སེམས་དང་སེམས་ལས
269a3 བྱུང་བའི་ཆོས་རྣམས་ཀྱང་ཀུན་ཏུ་མྱི་རྒྱུན། ཡི་གེ་རྣམས་ཀུན་ཏུ་རྒྱུ་བར་འགྱུར་བ་ལྟ་སྨོས་ཀྱང་ཅི་དགོས།། འདི་ལྟར་ཆོས་ཟབ་མོ་ཡི་གེ་མྱེད་པ་བསྟད་དུ་མྱེད་པ། བརྗོད་དུ་མྱེད་པ། སླར་མྱེད་པ། འདི་ལྟ་བུ་མངོན་པར་རྫོགས་པར་སངས་རྒྱས
269a4 ཀྱང་ཡི་གེའི་རྣམ་པར་རིག་པས་སེམས་ཅན་གཞན་དག་དང་གང་ཟག་ག། ཞན་རྣམས་ལ་སྟོན་ཏེ། སེམས་ཅན་བསམ་གིས་མྱི་ཁྱབ་པ་དག་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཐུགས་རྗེ་ཆེན་པོ་ཇི་སྙེད་འཇུག་པ་ལ
269a5 ལྟོས། བློ་གྲོས་རྒྱ་མཚོ་འདི་ལྟ་སྟེ་དཔེར་ན། སྐྱེས་བུ་ལ་ལ་ཞིག་གི། ས་ནམ་མཁའ་ལ་གཟུགས་མྱེད་པ། བསྟནད་དུ་མྱེད་པ། ཐོགས་པ་མྱེད་པ། རྣམ་པར་རིག་པ་མྱེད་པ། འདི་ལ་མཚོན་སྣ་ཚོགས་ཀྱིས་རི
269a6 མོར་བྲིས་ཏེ། རྟ་དང་གླར་པོ་ཆེ་དང་། ཤིང་རྟ་དང་དཔུང་བུ་ཆུང་དང་། གཞོནོན་པ་རྣམས་སུ་འདིར་ཉེ་བར་སྟོན་ཏམ། ལྷ་དང་ཀླུ་དང་། གནོད་སྦྱིན་དང་། དྲི་བའི་གཟུགས་རྣམས་འདིར་ཉེ་བར་སྟོན་ན། བློ་གྲོས་རྒྱ་མ
269a7 འདི་ལ་ཇི་སྙམ་དུ་སེམས་སྐྱེས་བུ་དེ་དཀའ་བ་བྱེད་པ་མ་ཡིན་ནམ། གསོ་ལད་པ། བཅོམ་ལྡན་འདས་དཀའ་བ་བགྱིད་པའོ།། བདེ་བར་གཤེགས་པ་མཆོག་ཏུ་དཀའ་བ་བགྱིད་པའོ།། བཅོམ་ལྡན་འདས་ཀྱིས་བཀའ་སཿལ་ད་པ།
269a8 བློ་གྲོས་རྒྱ་མཚོ་སངས་རྒྱས་བཅོམ་ལྡན་འདས་གང་དག་བརྗོད་དུ་མྱེད་པའི་ཆོས་མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་། སེམས་ཅན་གཞན་དག་དང་གང་ཟག་གཞན་རྣམས་ལ་བརྗོད་དུ་མྱེད་པའི་དོན་དེ་བརྗོད་པས་རྣམ་པར་རིག
269a9 པར་བྱེད་ཅིང་གོ་བར་བྱེད་པ་ནི་དེ་བས་ཀྱང་ཆེས་དཀའ་བ་མཛད་པའོ།། གང་དག་སངས་རྒྱས་ཀྱི་ཆོས་ཕབ་མོ་འདི་དག་ལ་མྱི་སྐྲག་ཀྱི་དང་།། དངང་བར་གྱི་འགྱུར་བ་དེ་དག་ནི་དེ་བས་ཀྱང་ཆེས་ཞིནད་ཏུ་དཀལ་བ་བྱེད་པའོ།། བློ་གྲོས་རྒྱ




iiif viewer powered by OpenSeadragon

268b - 269b

Texts on this page

Ng4.3 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo