e-texts navigator
Collection
Volume
Page
Wylie

268b1 བར་ཞེན་པར་གྱུར་ད་ནསྐྲག་པར་འགྱུར་གི། འཛིན་པ་མྱེད་ཅིང་མངོན་པར་ཞེནད་པ་མྱེད་ན་སྐྲག་པར་མྱི་འགྱུར་རོ།། གནས་དང་ཆགས་པར་གྱུར་ན་སྐྲག་པར་འགྱུར་གི།། གནས་མྱེད་ཅིང་ཆགས་པ་མྱེད་ན་སྐྲག་པར་མྱི་འགྱུར་རོ།།
268b2 ངངར་འཛིན་པ་དང་། པའི་ར་འཛིན་པར་གྱུར་པ་ན། སྐྲག་པར་འགྱུར་གི། ངར་འཛིན་པ་དང་། ང་ཡིར་འཛིན་པ་དང་བྲལ་ན། སྐྲག་པར་མྱི་འགྱུར་རོ།། སྨྲས་པ་སྟོབས་གང་དང་ལྡན་ན། བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཆོས་ཟབ
268b3 མོ་དག་ལ་སྐྲག་པར་གྱི་འགྱུར་བ་བྱང་ཆུབ་སེམས་དཔའ་སྟོབས་གང་ཡིན།། སྤྲས་པ་ཚངས་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྟོབས་ནི་བརྒྱད་པོ་འདི་དག་སྟེ། སྟོབས་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་རྣམས་སངས་རྒྱས
268b4 ཀྱི་ཆོས་ཟབ་མོ་དག་ལ་སྐྲག་པར་གྱི་འགྱུར་རོ།། བརྒྱད་གང་ཞེ་ན། འདི་ལྟ་སྟེ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་མོས་པས། འོགས་པ་མྱེད་པ་པའི་དད་པའི་སྟོབས་དང་། སྟོནད་པ་དང་མཚུངས་པའི་བློས།། གུས་པ་།
268b5 ངེས་པར་འབྱུང་བ་དགེ་བའི་བཤེས་གཉེན་གི་སྟོབས་དང་འཇིག་རྟེན། ལས་འདས་པའི་ཆོས་ཡོངས་སུ་རྫོགས་པར་བྱེད་པས། ཐོས་པ་ལས་ངེས་པར་འབྱུང་བ་ཤེས་རབ་ཀྱི་སྟོབས་དང་། བསོད་ནམས་ཚད་མྱེད
268b6 པ་ཡོངས་སུ་རྫོགས་པར་བྱེད་པས། བསོད་ནམས་ལས་ངེས་པར་བྱུང་པ་བསྙེན་བཀུར་བྱ་བའི་སྟོབས་དང་། བདུད་ཐམས་ཅད་ངེས་པར་གཞོམ་ཐ་འི་ཕྱིར་ཚུལ་བཞིན་ལས་ངེས་པར་འབྱུང་བ་ཡེ་ཤེས་ཀྱི་སྟོབས་དང་། ཆོས
268b7 རྣམས་བདག་མྱེད་པ་ལ་དོགས་པ་མྱེད་པས་བྱབས་པ་ཆེན་པོ་ལས་ངེས་པར་བྱུང་བ་སྙིང་རྗེ་ཆེན་པོའི་སྟོབས་དང་། བྱང་ཆུབ་ཀྱི་སེམས་བརྗེད་པ་མྱེད་པས། ངེས་པར་སེམས་པ་ལས་ངེས་པར་བྱུང་བ་སེམས་ཀྱི་སྟོབས་དང་། གྱི་སྐྱེ
268b8 ཆོས་ལ་བཟོད་པ་རབ་ཏུ་ཐོབ་པས་གཞན་གི་དྲིང་མྱི་འཇོག་པ་ལས་ངེས་པར་བྱུང་བ་བཟོད་པའི་སྟོབས་སོ།། ཚངས་པ་བརྒྱད་པོ་དེ་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྟོབས་ཏེ། སྟོབས་དེ་དག་དང་ལྡན་ན་བྱང་ཆུབ་སེམས་དཔའི
268b9 རྣམས་སངས་རྒྱས་ཀྱི་ཆོས་ཟབ་མོ་དག་ལ་སྐྲག་པར་མྱི་འགྱུར་རོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ་མཚོ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། བློ་གྲོས་རྒྱ་མཚོ་ཁྱོད་ཀྱིས་བྱང་ཆུབ་སེམས་དཔའ་རྣམས




iiif viewer powered by OpenSeadragon

268a - 269a

Texts on this page

Ng4.3 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo