e-texts navigator
Collection
Volume
Page
Wylie

268a1 ཙ། དེ་ལ་གར་ཡང་མངོན་དུ་འགྱུར་རམ།། སྨྲས་པ་རིགས་ཀྱི་བུ་དེ་ནི་མ་ཡིན་ནོ།། སྐས་པ་ཚངས་པ་དེ་ལྟར་ན་ཆོས་ཐམས་ཅད་ནི་མངོན་སུམ་མ་ཡིན་པ་ཉིད་དོ།། དེ་ཅིའི་ཕྱིར་ཞེ་ན། དེ་ལ་གཉིས་ཆུང་ཟད་ཀྱང་མྱེད་དེ།
268a2 ཚངས་པ་ཆོས་ཐམས་ཅད་ནི་གཉིས་སུ་མྱེད་པའོ།། དེ་ལ་མངོན་གསུམ་གང་ཡིན་པ་དེ་ཡང་དེ་ཡི་མཚན་ཉིད་ཁོ་ནའོ།། ཚངས་པ་མངོན་སུམ་ཡང་གཞན་ལ། སངས་རྒྱས་ཀྱི་ཆོས་རྣམས་ཀྱང་གཞན་མ་ཡིན་ཏེ། མངོན་སུ།
268a3 གང་ཡིན་པ་དེ་ཉིད་སངས་རྒྱ་ཀྱི་ཆོས་རྣམས་སོ།། སངས་རྒྱས་ཀྱི་ཆོས་གང་ཡིན་པ་དེ་ཉིད་མངོན་སུམ་ཉིད་དོ།། སྨྲས་པ་རིགས་ཀྱི་བུ་དེ་བཞིན་གཤེགས་པ་ལ་ཡང་སངས་རྒྱས་ཀྱི་ཆོས་རྣམས་མངོན་སུམ་མ་ཡིན་ནམ།། སྨྲས་པ
268a4 པ་ཚངས་གལ་ཏེ་དེ་བཞིན་གཤེགས་པ་འམ། སངས་རྒྱས་ཀྱི་ཆོས་རྣམས་ཀྱང་རུང་སྟེ། འགའ་ཞིག་ཡང་དག་པར་ཡོངས་སུ་གྲུབ་པར་གྱུར་ན་ནི། སངས་རྒྱས་ཀྱི་ཆོས་རྣམས་ཀྱང་དེ་བཞིན་གཤེགས་པ་ལ་མདོར་གསུམ་དུ་#
268a5 རོ།། སྨྲས་པ་རིགས་ཀྱི་བུ་སངས་རྒྱས་ཀྱི་ཆོས་ཀར་ཡང་མྱེད་དམ། སྨྲས་པ་ཚངས་པ་གལ་ཏེ་ཡོངས་སུ་འགྲུབ་པ་མྱེད་པ་དེ་ཡོད་དམ། མྱེད་པར་ཁས་བླང་དུ་མྱེད་དེ། ཆོས་གང་ཡོད་པ་འམ་མྱེད་པར་ཁས
268a6 བླང་དུ་བྱེད་པ་དེ་ལ་མངོན་གསུམ་དུ་གྱུ་རད་པ་གང་ཡང་མྱེད་དོ།། སྨྲས་པ་འོ་ན་ད་ཇི་ལྟར་སངས་རྒྱས་ཀྱི་ཆོས་ཤེས་བསྟན།། སྨྲས་པ་ཆས་པ་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ལ་ནམ་མཁའ་ཞེས་བསྟན།
268a7 ཀྱང་། ནམ་མཁའ་ལ་ཡང་དག་པར་ཡོངས་སུ་གྲུབ་པ་གང་ཡང་བྱེད་དོ།། ཚངས་པ་དེ་བཞིན་དུ་སངས་རྒྱས་ཀྱི་ཆོས་རྣམས་ལ་སངས་རྒྱས་ཀྱི་ཆོས་སངས་རྒྱས་ཀྱི་ཆོས་རྣམས་ཞེས་བསད་ཀྱང་། སངས་རྒྱས་ཀྱི་ཆོས
268a8 ནི་ཡང་དག་པར་ཡོངས་སུ་འགྲུབ་པ་གང་ཡང་མྱེད་དོ།། སྨྲས་པ་རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ལས་དང་པོ་པས་བསྟནད་པ་འདི་ཟོས་ནས་སྐྲག་པར་མྱི་འགྱུར་གི། དེས་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་ཆེད་དུ་གོ་ཙ་གྱོན་པ་ནི
268a9 ངོ་མཚརྡ་ཏོ།། སྨྲས་པ་ཚངས་པ་སངས་རྒྱས་ཀྱི་བྱིན་གྱིས་རླབས་པའི་སེམས་ཅན་རྣམས་བྱང་ཆུབ་ཏུ་སེམས་བསྐྱེད་དོ།། དེ་དག་སངས་རྒྱས་ཀྱི་ཆོས་ཟབ་མོ་ཐོས་ན་སྐྲག་པར་མྱི་འགྱུར་རོ།། ཚངས་པ་འཛིན་པ་དང་། མདོར




iiif viewer powered by OpenSeadragon

267b - 268b

Texts on this page

Ng4.3 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo