| e-texts navigator |
| Wylie |
267b1 ཀུན་ལ་བལྟ་བར་བྱ།། གང་ཆེ་ཅུང་ཟད་ཀྱི་དམྱིགས་པ།། དེ་ཆེརྣམ་པར་བསྟན་པ་ཡིན།། སངས་རྒྱས་དང་ནི་སངས་རྒྱས་ཆོས།། ཆོས་རྣམས་ཀུན་ཀྱང་ཐམས་ཅད་དུ་བྱང་ཆུབ་སྙིང་པོར་དྲང་སྲོང་ཆེས།། དེ་དག་ཡང་དག་མ
267b2 བར་རྟོགས།། སངས་རྒྱས་ཆོས་གང་སངས་རྒྱས་ཀྱིས།། བྱང་ཆུབ་སྙིང་པོར་གང་བལྟས་པ།། སངས་རྒྱས་ཆོས་བསྟནད་དེ་དག་ནི། རྟག་ཏུ་མཉམ་པ་ཉིད་ཀྱིས་མཉམ།། མཉམ་སྟེ་མྱི་མཉམ་མྱེད་པའི་ཆོས། ནམ་མཁའ་ལྷ།
267b3 བུར་དྲི་མྱེད་པར།། སངས་རྒྱས་ཀྱིས་ནི་མཁྱེན་པས་རྟོགས།། དེས་འདིར་སངས་རྒྱས་ཡིན་ཞེས་བརྗོད།། རྟེན་ཅིང་འབྲེལ་པར་གང་འབྱུང་བ།། དེ་དག་གང་ལ་རང་བཞིན་མྱེད།། གང་དག་ངོ་བོ་ཉིད་མྱེད་པ།། དེ་དག་ག།
267b4 དུ་ཡང་འབྱུང་བ་མྱེད།། འགྲོ་བ་མཐའ་མྱེད་མཉམ་པར་ནི། གང་གི་དས་མཐའ་འདིར་རབ་ཤེས་པ། དེའི་ཡེ་ཤེས་མཐའང་སྟོནད་པ། ཆོས་རྣམས་ཀུན་ལའང་འཇུག་པར་འགྱུར།། ཆོས་རྣམས་ཀར
267b5 དག་འདས་པ་དང་། ཆོས་རྣམས་གང་དག་མ་འོངས་དང་།། ད་ལྟ། ར་བྱུང་བའི་ཆོས་ཀང་དག། དེ་རྣམས་སངས་རྒྱས་ཆོས་སུ་འདོད། དེ་ལྟར་དུས་གསུམ་རྣམས་ལ་ཡང་།། སངས་རྒྱས་ཡེ་ཤེས་ཆགས
267b6 པ་མྱེད།། གར་དུ་ཡེ་ཤེས་མྱི་ཆགས་པ།། དེ་དག་ཐུབ་པའི་ཆོས་སུ་བསྟོན།། སྟོབས་ནི་རྣམ་པ་བཅུ་དག་དང་།། མྱི་འཇིགས་རྣམ་བཞི་གར་དག་དང་།། སངས་རྒྱས་རྣམས་ཀི་མ་འདྲེས་ཆོས།། རྣམ་པ་བཅོ་བརྒྱས་གང་ཡིན།
267b7 དང་།། གཞན་ཡང་ཆོས་གར་གྱི་ཡོད་པ།། ཐམས་ཅད་འདིར་ནི་འདུས་པར་གྱུར།། དེས་ན་ཆོས་རྣམས་དེ་དག་ཀུན།། སངས་རྒྱས་ཆོས་ཞེས་བརྗོད་པ་ཡིན།། ། འཕགས་པ་བློ་གྲོས་རྒྱ་མཚོ།
267b8 ཞུས་པ་བམ་པོ་ལྔ་པ།། ཚངས་པ་སྙིང་རྗེ་ཆེན་པོ་སེམས་པས། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་རྒྱ་མཚོ་ལ་འདི་སྐད་ཅེས་སྨྲས་སོ།། ཅི་རིགས་ཀྱི་བུ་ཁྱོད་ལ་ཆོས་འདི་དག་མངོན་གསུ
267b9 དུ་གྱུར་ད་ཏམ། སྨྲས་པ་ཚངས་པ་ཅི་སངས་རྒྱས་ཀྱི་ཆོས་རྣམས་གཟུགས་སུ་བགྲང་ངམ་སྨྲས་པ།། དེ་ནི་མ་ཡིན་ནོ།། སྨྲས་པ་ཚངས་པ་ཆོས་གང་གཟུགས་མྱེད་བསྟན་ཏུ་མྱེད། ཐོགས་པ་མྱེད་རྣམ་པར་རིག་པ་མྱེད་པ