| e-texts navigator |
| Wylie |
266b1 དབེན་པ་ཉིད་དུ་འོང་ཅུཆུ་བར་བྱའོ།། ཆོས་ཐམས་པར་གོད་པས་པངས་རྒྱས་རྒྱས་མ་ཐོང་པ་ཉིད་དུ་ལོང་དུ་ཆུད་པར་བྱའོ།། མངས་པ་ཆོས་ལམས་ཅད་ཆེན་ཅིང་འབྲེལ་པར་འབྱུང་བ་དག་སྟེ། རྟེན་ཅིང་འབྲེལ་པར་འབྱུང་བ།
266b2 ཁོང་དུ་ཆུད་པ་ནི་བྱང་ཆུབ་མོ།། དེ་བཞིན་གཤེགས་པས་ཆོས་ཐམས་ཅད་ཇི་ལྟར་གཟིགས་པ་ལྟར།། སངས་རྒྱས་ཀྱི་ཆོ་མ་དེ་དག་ཀྱང་དེ་འདྲ་བ་ཉིད་དོ།། ཚངས་པ་སྙིང་རྗེ་ཆེན་པོ་སེམས་པས་སྨྲམ་པ་རིགས་ཀྱི་བུ་སངས་རྒྱས་ཀྱི
266b3 ཆོས་རྣམས་ཁམས་གསུམ་ལ་བཞིན་དུ་འདས་པ་ལ་ཡིན་ནམ།། བློ་གྲོས་རྒྱ་མཚོས་སྦས་པ། ཚངས་པ་ཁམས་གསུམ་ཀྱི་ངོ་བོ་ཉིད་ཀྱི་མཚན་ཉིད་སངས་ཆུཅི་ཆོས་རྣམས་སོ།། དེ་ཅིའི་ཕྱིར་ཞེ་ན། ཚངས་པ་སངས་རྒྱས་ཀྱི།
266b4 ཆོས་མཉམ་པ་ཉིད་ལ་མཐའ་མ་འམ། མཆོག་གང་ཡང་མྱེད་དོ།། ཚངས་པ་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ལ་མཐའ་མ་འམ་མཆོག་ཀང་ཡང་མྱེད་དོ།། ཚངས་པ་དེ་བཞིན་དུ་སངས་རྒྱས་ཀྱི་ཆོས་དེ་དག་ནི་རྣམ
266b5 མཁའ་དང་མཉམ་སྟེ། དེ་དག་ལ་ཡང་ཐ་མ་འམ། མཆོག་གར། ཡང་མྱེད་དོ།། ཚངས་པ་དེ་བཞིན་དུ་སངས་རྒྱས་ཀྱི་ཆོས་དེ་དག་ནི་ན།། མ་མཁའ་དང་མཉམ་སྟེ། དེ་དག་ལ་ཡང་ཐ་མ་འམ་མཆོག་གང་ཡང
266b6 མྱེད་དོ།། ཚངས་པ་དེ་བཞིན་དུ་སངས་རྒྱས་ཀྱི་ཆོས་དེ་དག་ནི་ནམ་ཀ་དང་མཉམ་སྟེ། དེ་དག་ལ་ཡང་ཐ་མ་འམ། མཆོག་གང་ཡང་མྱེད་དོ།། ཚངས་པ་ཆོས་ཐམས་ཅད་ཀྱི་རང་བཞིན་གང་ཡིན་པ་དེ་ནི་ངོ་བོ་ཉིད་ཀྱི།
266b7 སྟོང་པ་ཉིད་དེ། དེ་ལ་ཡང་ཐ་མ་འམ་མཆོག་གང་ཡང་མྱེད་དོ།། ཚངས་པ་སངས་རྒྱས་ཀྱི་ཆོས་ཁོང་དུ་ཆུད་པར་འདོད་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོས་རྟོགས་པ་མྱེད་པའི་ཚུལ་གྱིས། སངས་རྒྱས་ཀྱི་ཆོས་རྣམས་དེ་ལྟར
266b8 རྟོགས་པར་བྱའོ།། ཚངས་པ་གཞན་ཡང་སངས་རྒྱས་ཀྱི་ཆོས་རྣམས་ནི་ཡུལ་ན་མྱི་གནས་པ། ཕྱོགས་ན་མྱི་གནས་པ། མ་སྐྱེས་པ་མ་འགགས་པ། སྔོན་པོ་མ་ཡིན་པ། སེར་པོ་མ་ཡིན་པ། དམར་པོ་མ་ཡིན་པ། དཀར་པོ་མ
266b9 ཡིན་པ། ལེབ་རྒན་མ་ཡིན་པ། ཤེལ་དང་དངུལ་གི་ཁ་དོག་ལྟ་བུ་མ་ཡིན་པ་དག་སྟེ། དེ་དག་ནི་ཁ་དོག་མྱེད་པ། དབྱིབས་མྱེད་པ། རྟགས་མྱེད་པ་དག་གོ།། དེ་དག་ནི་མཚན་མ་མྱེད་པ་དག་གོ། ཚངས་པ་མཚན་མ་མྱེད་པའི་དོན་ནི་སངས