| e-texts navigator |
| Wylie |
266a1 ནི་སྟོང་ཕྲག་ལྔ་ཞིག་ཀྱང་།། སངས་རྒྱས་ཞིང་འདིར་བཟོད་པ་རྣམ་པར་སྦྱངས།། མྱི་དང་ལྷ་དང་ལཀྱི་རྒྱ་འ། བདུན་སྟོང་བྱང་ཆུབ་མཆོག་ལ་རབ་ཏུ་ཞུགས།། དེ་ན་གང་གིས་བརྩོན་འགྲུས་མཆོག་རེག་པ།
266a2 དགེ་སློང་བརྩོན་འགྲུས་བརྟན་པར་ཡིན་ཏེ།། འཚོན་འགྲུས་བཚམས་ནས་རས་ནི་ལུས་བཏང་སྟེ།། འདུག་བཞིན་དེ་ཚེ་འཆི་བའི་དུས་བྱས་ཀྱུརྡ།། བརྒྱད་ཁྲི་ལས་ནི་བཞི་སྟོང་ལྷག་པ་ལ།། བདག་གིས་ལུས་ནི་རབ་ཏུ།
266a3 བསྐམས་པར་བྱས། བསྐལ་པ་གཅིག་ལ་འདྲེན་པ་མཉེས་བྱས་ཏེ། བདག་གིས་བྱང་ཆུབ་སེམས་དཔའ་ཕྱིར་སྟི་ལང་ཏོ།། ། བརྩོན་འགྲུས་པཚམས་པའི་ལེའུ་སྟེ་ལྔ་པའོ།།
266a4 དེ་ནས་ཚངས་པ་ཆེན་པོ་སྙིང་རྗེ་ཆེན་པོ་སེམས་པས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་རྒྱ་མཚོ་ལ་འདི་སྐད་ཅེས་སྨྲས་སོ།། རིགས་ཀྱི་བུ་སངས་རྒྱས་ཀྱི་ཆོས་རྣམས་སངས་རྒྱས་ཀྱི་ཆོས་རྣམས
266a5 ཤེས་བྱ་བ་ལ་སངས་རྒྱས་ཀྱི་ཆོས་རྣམས་ཤེས་བྱ་བ་དེ་གང་གི་ཚིག་བླ་དགས་དེ་སྐད་ཅེས་སྨྲས་པ་དང་། བྱང་ཆུབ་སེམས་དཔའ་བློ་གྲོས་རྒྱ། མཆོས་ཚངས་པ་སྙིང་རྗེ་ཆེན་པོ་སེམས་པ་ལ་འདི་སྐད་ཅེས་སོ།།
266a6 ཚངས་པ་སངས་རྒྱས་ཀྱི་ཆོས་རྣམས།། སངས་རྒྱས་ཀྱི་ཆོས་རྣམས་ཤེས་བྱ་བ་ལ། སངས་རྒྱས་ཀྱི་ཆོས་རྣམས་ཤེས་བྱ་བ་དེ་ནི་ཆོས་ཐམས་ཅད་ཀྱི་ཚིག་བླ་དགས་སོ།། དེ་ཅིའི་ཕྱིར་ཞེ་ན། ཚངས་པ་དེ་བཞིན
266a7 གཤེགས་པས་ཡོངས་སུ་ཆད་པའི་རྣམ་པས་ཚད་དང་ལྡན་པར་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་མ་ཡིན་གྱི། དེ་བཞིན་གཤེགས་པ་ཡོངས་སུ་མ་ཆད་པའི་རྣམ་པར་ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་རྣམ་པས་ཚད
266a8 བྱེད་པར་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ།། ཚངས་པ་ཆོས་ཐམས་ཅད་མཉམ་པ་ཉིད་ཁོང་དུ་ཆུད་པ་ནི་བྱང་ཆུབ་སྟེ། ཚངས་པ་དེའི་ཕྱིར་ཆོས་ཐམས་ཅད་ནི་སངས་རྒྱས་ཀྱི་ཆོས་རྣམས་ཤེས་བྱའོ།། ཚངས་པ
266a9 ཆོས་ཐམས་ནི་ཅི་འདྲ་བར་སངས་རྒྱས་ཀྱི་ཆོས་རྣམས་ཀྱང་དེ་འདྲ་བ་ཉིད་དོ།། ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་གང་ཡིན་པ་དེ། སངས་རྒྱས་ཀྱི་ཆོས་རྣམས་ཀྱི་ངོ་བོ་ཉིད་དོ།། ཆོས་ཐམས་ཅད་དབེན་པ་ཉིད་པས་སངས་རྒྱས་ཀྱི་ཆོས