e-texts navigator
Collection
Volume
Page
Wylie

265b1 གང་ཡིན་དེན་ལ་མར་རྟོག། འགག་པ་ཞེས་པ་བསླབ་པར་བརྗོད་པ་ཡིན།། འཆོམ་པ་ཡུས་ལ་དྲན་པ་བཅིངས་བསྐྱེད།། བརྟུལ་འཚོར་བ་ལ་ནི་ལྟ་བ་མྱེད། སེམས་ལ་དྲན་པ་འདི་ནི་སོ་སོར་རྟོག། ཆོས་ས་སྷོ།
265b2 པ་སྒྲུབ་པ་དམ་པ་ཡིན།། རྩོམ་པ་དད་པའི་སྟོབས་དང་དེའི་དབང་པོ།། བརྟུལ་པ་བརྩོན་འགྲུས་སྟོབས་དང་མཐུ་ཡིན་ཏེ།། དྲན་དང་ཏིང་འཛིན་དབང་ཟོམ་སོར་རྟོག། ཤེས་རབ་དབང་པོ་བསླབ་པར་འརྗོད་པ
265b3 ཆོམ་པ་ཀྱི་དགེ་རྣམ་པར་སྤོར་ཞེས་བརྗོད།། རྟུ་ལ་པ་གང་ཡིན་དགེ་བ་ཆུད་མྱི་གཟོན།། ལུས་དང་སེམས་ཀྱང་གང་ཡིན་སོ་སོར་རྟོག། སྒྲུབ་པ་རྫུ་འཕྲུལ་རྣམ་པར་འཕྲུལ་ཞེས་བརྗོད།། ཆོམ་པ་མཁས་པ་བྱང་ཆུ
265b4 ཡན་ལག་སྐོམ། རྟུལ་བ་གང་ཆེ་ལམ་ནི་རྟོགས་པ་ཡིན། ཞི་ཀཿས་ལྷག་མཐོར་དེ་ནི་སོ་སོར་རྟོག། རི་ཀ་དང་ནམ་གྲོལ་སྒྲུབ་པ་སྙིང་པོ། ཡིན།། བཅོམ་པ་འཇུག་པ་བརྟུལ་པ་པྱོད་པ་ཡིན།། སོ་སོར
265b5 རྟོག་པ་སེམས་ནི་རབ་སྦྱངས་པ།། མཚན་མའི་སྤྱོད་ཡུལ་ཐམས་ཅད་གང་ལོག་པ།། དེ་ནི་སྒྲུབ་པའི་ཚུལ་དུ་བརྗོད་པ་ཡིན།། ། ལུས་དང་སེམས་ནི་རབ་ཏུ་སྦྱངས་པ་དང་། རྒྱུ་དང་ལྷ་ལས་རབ་ཏུ་འད།
265b6 བ་དང་། མྱིང་དང་གཟུགས་ནི་ཡོངས་སུ་གང་ཤེས་པ།། དེ་ནི་འཚོ་ན་འགྲུས་མཆོག་ཅེས་འཕགས་པས་བསྔགས།། པ་དང་ངའི་ཞེས་པ་རྣམ་འགག་པ།། དེ་ཚེ་བཅིངས་པ་ཀུན་ལས་རྣམ་པར་གྲོལ།
265b7 ནས་ལྡང་བྱེད་སྒྲིབ་པ་ལཱ་ལས་གྲོལ་བ། མཁས་པ་བེ་ཙོམ་དང་ནི་འགྱོད་པ་སྤངས།། མདུད་པ་རྣམས་དང་ཟུག་རྔུ་བཿལ་པ་གང་།། བསྒྲིབས་པ་བྱེད་ཅིང་རྒྱུན་ཅད་ཡོད་པ་ཕྱིན།། ང་རྒྱལ་མངོན་པའི་ང་རྒྱལ་གང་ཚེ་སྦྱངས།། དེ་ཚེ།
265b8 བརྩོན་འགྲུས་སྟོབས་ཀྱིས་ལས་བྱས་ཡིན།། མཚན་མ་ཐམས་ཅད་སེལ་པ་གང་ཡིན་དང་། སྤྲོས་པ་ཐམས་ཅད་འཇུག་པ་མྱེད་པ་དང་། ཉོན་མོངས་ཐམས་ཅད་སྤོང་བ་གང་ཡིན་པ།། བརྩོན་འགྲུས་དེ་ནི་མཁས་པ་རྣམས་ཀྱིས།
265b9 བསྔགས།། བརྩོན་འགྲུས་འབར་བས་རབ་ཏུ་བསྔགས་པའི་ཚེ། བཚོན་འགྲུས་ཡོན་ཏན་འདི་དག་ཟོས་ནས་ནི།། གྲགས་པ་ཆེན་པོ་སྟོང་ཕྲག་བཅུ་ཀུན་ཀྱིས།། མྱི་སྐྱེའི་བཟོད་པ་རབ་ཏུ་ཐོབ་པར་གྱུར།། འདི་ཐོས་ནས།




iiif viewer powered by OpenSeadragon

265a - 266a

Texts on this page

Ng4.3 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo