e-texts navigator
Collection
Volume
Page
Wylie

265a1 པ་ཡིན།། ཆོམ་པ་དགེ་བའི་བཤེས་གཉེན་བསྟེན་པ་ཡིན། རྟུལ་བ་སྡིག་པའི་གྲོགས་པོ་རྣམ་པར་སྤོང་།། བོས་ནས་ཆོས་ཉིད་ལ་ནི་སོ་སོར་རྟོག། སྒྲུབ་པ་ཆོས་རྣམས་དཔའ་གལ་གྱི་བྱེད། བཅོམ་པ་སཿ
265a2 རྒྱས་བསྟན་ལ་རབ་ཏུ་འཐུང་།། རྟུ་ལད་པ་དགའ་བ་ཐམས་ཅད་སྤོང་བ་ཡིན།། དེ་ལ་གནས་པ་གང་ཡིན་སོ་སོར་རྟོག། ཆོས་རྣམས་འགལ་བ་བྱེད་པ་སྒྲུབ་པ་ཡིན། ཚོམ་པ་དགོན་པར་དགའ་བ་གང་ཐོབ་པ། རྟུལ་བ་འདུ
265a3 འཛིནམ་པར་སྤོང་བ་ཡིན།། དབེན་པར་གནས་པ་དགའ་བ་སོ་སོར་རྟོག། བསླབ་པ་གང་ཡིན་ཉོན་མོངས་མྱེད་པར་གནས། བཅོམ་པ་འདོད་པ་ཆུང་ཞིང་བཀའ་བོ་བདེ།། རྟུ་སད་པ་དེ་ནི་ཆོས་ཤེས་གྱུར་པ་ཡིན།། དེས་པ།
265a4 གང་གྱུར་ད་དེ་ནི་སོ་སོར་རྟོག། སྒྲུབ་པ་གང་ཡིན་རུང་བའི་ཚོད་ཤེས་པ།། ཆོམ་པ་ལྷག་པའི་ཚུལ་ཁྲིམས་སློབ་ཅེས་བྱ།། བརྟུ་ལད་པ་ཚུལ་ཁྲིམས་སྨོད་པ་མྱེད་པ་ཡིན།། ལྷག་པའི་སེམས་སློབ་འདི་ནི་སོ་སོར་རྟོག།
265a5 ལྷག་པའི་ཤེས་རབ་སློལ་བསྒྲུབ་པ་མཆོག།། ཆོམ་པ་སྦྱིན་དང་། དེ་བཞིན་ཚུལ་ཁྲིམས་ཡིན།། བརྟུ་ལ་པ་བཟོར་དང་དེ་བཞིན་བརྩོན། འགྲུས་སོ།། སོ་སོར་རྟོག་འདི་བསམ་གཏན་ཤེས་རབ་སྟེ།། སྒྲུབ
265a6 པ་ཡེ་ཤེས་དང་ནི་དེ་བཞིན་ཐབས།། བཅོམ་པ་འཇིག་རྟེན་ཟད་ང་ཆོས་སྦྱིན་པ།། སྙན་པར་སྨྲ་བ་དེ་ནི་རྟུལ་བ་ཡིན།། དོན་སྤྱོད་གང་ཡིན་དེ་ནི་སོ་སོར་རྟོག། སྒྲུབ་པ་དོན་འཐུན་པ་སྟེ་སྙིང་པོ་ཡིན།།
265a7 བཅོམ་པ་མང་ཡིན་བྱམས་པ་ཡོངས་སུ་དག། ཆུ་ལང་པ་དེ་ནི་སྙིང་རྗེ་ལྡན་པ་ཡིན།། དགའ་བ་ཆོས་ལ་སོ་སོར་རྟོག་པ་སྟེ། བཏང་སྙོམས་ཡེ་ཤེས་བསྒྲུབ་པར་བརྗོད་པ་ཡིན།། རྩོམ་པ་ཞིང་ནི་རྣམ་པར་སྦྱོང་བ་སྟེ།
265a8 རྟུལ་བ་མཅན་རྣམས་ཡོངས་སུ་རྫོགས་པར་བྱེད།། མ་སར་རྟོག་པ་དམ་ཆོམ་ཡོངས་སུ་འཛིད།། སྨྲབ་པ་སེམས་ཅད་ཡོངས་སུ་སྦྱིན་པར་བྱེད། རྩོམ་བཀུར་ཡིན་ཕུང་པོ་བདུད་མེ་ལང་བ།། བརྟུལ་པ་ཉན་མོངས་པན
265a9 ནི་ཚར་གཅོད་པ།། སོ་སོར་རྟོག་པ་འཆི་བདག་ཚར་གཅོད་དེ།། སྙིང་པོ་སྒྲུབ་པ་བདུད་ཀྱིས་ཅི་བྱར་ཡོད།། ཆོམ་པ་སྡུག་བསྔལ་ཡོངས་སུ་ཤེས་པ་སྟེ། སྲེད་པའི་གནས་མྱེད་འདི་ནི་རྟུལ་པ་ཡིན།། ལམ་བསྒོ་མོ




iiif viewer powered by OpenSeadragon

264b - 265b

Texts on this page

Ng4.3 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo