| e-texts navigator |
| Wylie |
264b1 ཚེ་ནས་སྦྱིན་གྱི་རེབ།། ཆོམ་པ་གཏོང་བ་ཆེན་པོ་གང་སྒྲོགས་པ། བརྟུལ་བ་སློང་བ་རྣམས་ལ་བྱམས་བྱེད་པ།། སོ་སོར་རྟོག་འདི་ལོངས་ཁྱོད་ཀྱི་རྟག་སྙམ།། སྒྲུབ་པ་བྱིན་ནས་གདུང་བ་མྱེད་པ་ཡིན།། ཆོམ་པ་ཆོས་ཀྱི
264b2 ལོངས་སྤྱོད་གང་ཚོལ་བ། རྟུལ་པ་དེ་ནི་འཚོ་བ་དག་ཡིན།། བདག་གི་སྙིང་པོ་བླངས་སྙམ་སོ་སོར་རྟོག་བསྒྲུབ་པ་བྱིན་ལ་སྦྱིན་པས་རློམ་སེམས་མྱེད།། རྩོམ་པ་འཚལ་བའི་ཚུལ་ཁྲིམས་དྲི་མ་སེལ།། བརྟུལ་པ་ཚུལ་རྫོ
264b3 བརྟུལ་ཤུགས་ཉམས་པ་བྱེད།། ཚུལ་ཁྲིམས་འཕེལ་པ་སྦྱིན་བྱེད་སོ་སོར་རྟོག། བསྒྲུབ་པ་གང་མེ་ཚུལ་ཐིམ་པ་རློམས་སེམས་བྱེད།། ཆོམ་ག་གི་ཡོངས་སུ་དག་པ་སྟེ། བརྟུལ་པ་ལུས་ནི་ཡོངས་སུ་དག་པ་ཡིན།
264b4 སོ་སོར་རྟོག་པ་གང་ཡིན་འདི་སེམས་དག། སྒྲུབ་པ་གང་ཡིན་ཆོས་རྣམས་ཡོངས་སུ་དག། ཆོམ་པ་གནོད་སེམས་གོ་སྐབས་མྱེད་པ་ཡིན།། བརྟུལ་པ་བཟོད་པའི་སྟོབས་ནི་ཉེ་བར་བསྟོན།། སོ་སོར་རྟོག་པ
264b5 བདག་དང་གཞན་སྲུང་བྱེད།། སྒྲུབ་པ་གང་ཚེ་རློམ་སེམས་གང་མྱེད་པ།། ཆོམ་པ་གཤེལ་རྟག་ཏུ་དང་བྱེད་པ།། བརྟུལ་བ།། དེ་དག་ཟག་རིག་སྤོང་བ་སྟེ།། སོ་སོར་རྟོག་པ་ནང་ནི་ཞི་བ་ཡིན།། །
264b6 སྒྲུབ་པ་བདག་དང་གཞན་དུ་དམྱིགས་པ་མྱེད།། རྩོམ་པ་ལེ་ལོའི་དྲི་མ་སེལ་པ་སྟེ།། བརྟུལ་པ་བཚོན་འགྲུས་བསྟོབས་དང་མཐུ་ཡིན་ནོ།། ལེ་ལོ་ཅན་དག་སྦྱིན་བྱེད་སོ་སོ། རྟོག། དེ་བྱེད་ཆོས་ལ་བཟོད་པ་བསྐུ
264b7 པ་ཡིན། ཆོམ་པ་བྱ་བ་ཡང་དག་སྒྲུབ་བྱེད་པ། རྟུལ་བ་བྱ་བ་ཉམས་འོག་ཆུད་པར་བྱེད། ཐེག་པ་གཞན་ལ་མྱི་རེ་སོ་སོར་རྟོག། བསྒྲུབ་པ་ལས་རྣམས་ཆུད་མྱི་གསོན་པ་ཡིན།། བཚོན་པ་དེ་དག་དྲན་དང་ཞེས་བཞིན་ཅན།། རྡུལ
264b8 བ་ཆོས་རྟོགས་པ་ལ་འཇུག་པ་ཡིན།། བློ་གྲོས་ཀུན་ཏུ་བསྲུང་བ་སོ་སོར་རྟོག། སྒྲུབ་པ་དེ་ལ་མོས་ཤིང་འགྱུར་བ་མྱེད།། ཆོམ་པ་རིགས་པ་བརྟུལ་པ་ཚུལ་ཡིན་ཏེ། སོ་སོར་རྟོག་པ་དེ་ནི་ཆོས་སྤྲོ་ཡིན།། སྒྲུབ་པ་དེ་ནི་འབྱུང་བ
264b9 རབ་ཏུ་ཤེས།། འདི་དག་འརྩོན་འགྲུས་ཁམས་པའི་སྒོ་ཡིན།། རྩོམ་པ་ཅིག་འབྲུ་ཀུན་ཏུ་འཛིན་པ་སྟེ།། བཏུལང་པ་བསྟན་པ་ཡང་དག་སྟོན་པར་བྱེད།། མ་སོར་རྟོག་པ་སཱ་ནི་སེལ་བྱེད་པ།། སྒྲུབ་པ་ཆོས་རྣམས་བརྗོད་དུ་མྱེད