e-texts navigator
Collection
Volume
Page
Wylie

264a1 འཇིག་རྟེན་ཁམས་མཆོག་ཏུ།། བརྩོན་འགྲུས་འབར་བའི་བདེ་བར་གཤེགས་པ་འགྱུར།། བསྐལ་པ་དེ་ལ་རྒྱལ་བ་ཀང་བྱུང་བ།། དེ་དག་བརྒྱད་ཁྲི་བཞི་སྟོང་ཐམ་པའོ།། འཇིག་རྟེན་ཁམས་ནི།
264a2 དགའ་ལྡན་གནས་འདྲ་སྟེ།། མྱིའི་བཟའ་དང་བཏུད་པ་བསམས་པས་འབྱོར་དེ།། བུད་མྱེད་ཡོད་མྱིན་མངལ་ན་གནས་པ་མྱེད།། སེམས་ཅན་ཐམས་ཅད་རྫུས་ཏེ་སྐྱེ་བར་གྱུར་།། ཐེག་པ་དམན་པ་གྲག་པར་མ་གྱུར་ད་ཏེ།།
264a3 ཐམས་ཅད་བདག་ཉིད་ཆེ་བའི་ཐེག་ཆེན་ཞུགས།། ཤི་ན་ཏུ་རྣམ་བལྟས་འཇིག་རྟེན་ཁམས་བལྟ་བའི་ཕྱིར།། བྱང་ཆུབ་སེམས་དཔའ་ཕྱོགས་བཅུ་ནས་ལྤགས་པ།། དེ་དག་དགའ་བའི་རྣམ་པའི་ཏིང་ངེ་འཛིན་ཐོ་བ།། སྔོན་ཆད་མ།
264a4 མཐོང་བའི་བདེ་བ་མྱོང་།། རྐང་གཉིས་ཀྱི་ནི་ཚོགས་ཀྱུ་རང་གྲགས་ཆེན་པོ།། བྱེ་བ་ཕྲག་ནི་སུམ་བཅུ་རྩ་དྲུག་ཡོད།། གཞན་ཡང་ལྷ་དང་མྱི་ནི་མང་པོ་དག། སངས་རྒྱས་ཐེག་པ་མཆོག་ལ་ཞུགས་པར་གྱུར་།། ཡོན
264a5 ན་ཏན་ཡེ་ཤེས་རྒྱ་མཚོ་དྲང་སྲོང་ཆེ།། དེ་ནི་བརྩོན་འགྲུས་བསྔགས།། པ་ཡང་ཡང་བརྗོད།། དེ་ནས་བཚོན་འགྲུས་བརྟན་པ་མཁས་པ་ཡིན།། ལངས་ནས་དོན་འདི་ཉིད་ནི་རྒྱལ་ལ་ཞུས།། བྱང་ཆུབ་སེས
264a6 དཔའ་བཚོན་འགྲུས་རྩམས་གྱུར་པ།། ཇི་ཙམ་གྱིས་ན་བཚོན་འགྲུས་སྟོབས་ལ་གནས།། དེ་དོན་བཅོམ་ལྡན་བདག་ལ་བཤང་དུ་གསོ་ལང་།། བདག་ནི་དེ་ལ་རབ་ཏུ་ནན་ཏན་བགྱིད།། དེ་ཡི
264a7 བ་མཁྱེན་ནས་ཆོས་རྗེ་དེས།། འཚོན་འགྲུས་ལས་པཚམས་ཡོན་ཏན་རབ་གསུངས་པ།། ཆོམ་པ་དང་ནི་དེ་བཞིན་རྟུལ་བ་དང་། རྟག་ཏུ་སོ་སོར་རྟོག་དང་བསྒྲུབ་པའོ།། བཅོམ་པ་དེ་ནི་བྱང་ཆུབ་སེམས་ཤེས་བྱ།། རྟུལ
264a8 བ་དགེ་བ་སྟོང་དག་སྒྲུབ་བྱེད་པ།། སོ་སོར་རྟོག་པ་སེམས་ཅན་ཕན་པའི་དངོས། སྒྲུབ་པ་དེ་བྱེད་ཆོས་ལ་བཟོད་པ་ཡིན།། ཕོམ་པ་གུས་པར་བྱས་ཏེ་བོས་ཚོལ་བ།། བརྟུལ་པ་བསྟན་པ་ཡང་དག་སྟོན་བྱེད་པ།། སོ་སོར།
264a9 རྟོག་པ་འདི་ནི་ཚུལ་བཞིན་བརྗོད།། བསྒྲུབ་པ་གང་ཚེ་ཡང་དག་ལྷ་སྐྱེ།། རྩོམ་པ་སེར་སྣའི་དྲི་མ་སེལ་བ་ཡིན།། རྟུལ་པ་བདོག་པ་ཐམས་ཅད་ཡོངས་གཏོང་བ་སོ་སོར་རྟོག་པ་རྫོགས་པའི་བྱང་ཆུབ་སེམས།། སྒྲུབ་པ་གང




iiif viewer powered by OpenSeadragon

263b - 264b

Texts on this page

Ng4.3 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo