| e-texts navigator |
| Wylie |
263b1 གྱུར་ཏོ།། དེ་ཡང་ཆོས་ཡོངས་སུ་བཙས་པ་ལ་མངོན་པར་བརྩོན་པས་འདུག་བཞིན་དུ་འཆི་བའི་དུས་བྱས་པར་འགྱུར་རོ།། བློ་གྲོས་རྒྱ་མཚོ་བྱང་ཆུབ་སེམས་དཔའ་དེ་ནི་གྲངས་འདིས་སངས་རྒྱས་བརྒྱད་ཁྲི་བཞི་སྟོང་དེ་དག་མཉེས་པ།
263b2 བྱེད་ཅིང་། གང་དག་བསྐལ་པ་མེ་ཏོག་གི་འབྱུང་གནས་དེ་ལ་འབྱུང་བ་ཐམས་ཅད་ལས་བརྩོན་འཕྲུས་ཆེས་ཏེ། དགེ་བའི་ཆོས་ཡོངས་སུ་བཙལ་བ་ལ་མངོན་པར་གྱུར་ནས་འདུག་བཞིན་དུ་འཆི་བའི་དུས་བྱས་པར་གྱུར་ད་ཏོ།། བློ་གྲོ།
263b3 རྒྱ་མཚོ་དེའི་ཚེ་དེའི་དུས་ན། བྱང་ཆུབ་སེམས་དཔའ་གོ་ཆ་སྲ་བར་གྱུར་པ་ཞེས་བྱ་བ་དེ་གཞན་ཞིག་ཡིན་པ་སྙམ་དུ་ཁྱེད་སོམ་ཉིའམ་ཡིད་གཉིས་སམ་ཐེ་ཙོམ་ཟ་བར་གྱུར་ད་ན། ཁྱོད་ཀྱིས་དེ་ལྟར་མྱི་ལྟའོ།། དེ་ཅིའི་ཕྱིར་ཞེ་ན
263b4 བློ་གྲོས་རྒྱ་མཚོ་དེ་ཉིད་དེའི་ཚེ་དེའི་དུས་ན། བྱང་ཆུབ་སེམས་དཔའ་གོ་ཙ་སྲ་པ་ཞེས་བྱ་བར་གྱུར་ཏེ། བློ་གྲོས་རྒྱ་མཚོ་ངས་བརྩོན་འགྲུས་འདི་འདྲ་བས་བྱང་ཆུབ་སེམས་དཔའ་བརྒྱ་སྟོང་ཕྲག་མང་པོ་དག་ཕྱིར་སྙིལ་ཏོ།། བློ
263b5 གྲོས་རྒྱ་མཚོ་ངས་དེ་ཙམ་དུ་བཅོམ་འགྲུས་པཚམས་པ་དེ་ལྟ་བུ་དང་།། ཚོགས་དེ་ལྟ་བུས་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་ལ་ལྟོས། གང་དག་ལེ་ལོ་ཅན་དང་བརྩོན་འགྲུས་དམན་པར་གྱུར
263b6 བ་རྣམས་ལྟ་སྨོས་ཀྱང་ཅི་དགོས།། དེ་དག་ལ་བྱང་ཆུབ་ཡོད་པར་ལྟ་ག་ལ་འགྱུར་ཏེ། དེ་དག་ལ་བྱང་ཆུབ་ཤི་ནང་ཏུ་རིང་ཞིང་རྣམ་པར་རིང་ངོ་།། བློ་གྲོས་རྒྱ་མཚོ་བསྟནད་པ་འདི་ལ་བརྩོན་འགྲུས་བཚམས་པ་ནི་རག།
263b7 པར་འགྱུར་གྱི། ལེ་ལོ་ཅན་ནི་མ་ཡིན་ནོ།། ཟོ་གྲོས་རྒྱ་མཚོ་རྣམ་གྲངས་དེས་ན་འདི་ལྟར་གང་ལ་འཚོན་འགྲུས་དང་བག་ཡོད་པ་དེ་ལ་བྱང་ཆུབ་ཡོད་པར་རིག་པར་བྱའོ།། བཅོམ་ལྡན་འདས་ཀྱིས་བཚོན་འགྲུས་དང་རབ་ཏུ་ལྡན་བཱི
263b8 སྔོན་བྱུང་བའི་ལེའུ་འདི་བཤད་པ་ན། བྱང་ཆུབ་སེམས་དཔའ་ལྔ་སྟོང་གིས་མྱི་སྐྱེ་བའི་ཆོ་བཟོད་པ་རབ་ཏུ་ཐོབ་པར་གྱུརང་ཏོ།། ལྷ་དང་མྱིའི་སྐྱེ་དགུའི་སྲོག་ཆགས་བདུན་སྟོང་གིས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི།
263b9 བྱང་ཆུབ་ཏུ་སེམས་སྐྱེད་དོ།། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱི་ཚིགས་སུ་བཅད་པ་འདི་དག་གསུངས་སོ།། རས་དྲན་སྔ་མ་འདས་པའི་དུས་ན་ནི།། བསྐལ་པ་མེ་ཏོག་འབྱུང་གནས་བལྟ་སུག་ལ། ཤིན་ཏུ་རྣམ་པལྟ།