| e-texts navigator |
| Wylie |
263a1 བརྩོན་འགྲུས་དེ་ནི་གང་ཆོས་ཉིད་གནས་པར་ཤེས་པའོ།། བརྩོན་འགྲུས་དེ་གང་འཕྲོ་བ་མྱེད་ཅིང་མྱི་འགྲོ་བ་བྱེད་པའོ།། བརྩོན་འགྲུས་དེ་ནི་གང་ལེན་པ་མྱེད་ཅིང་འདོར་བ་མྱེད་པའོ།། བརྩོན་འགྲུས་དེ་ནི་ཀར།
263a2 བྱེད་པ་མྱེད་ཅིང་བྱེད་པ་དང་བྲལ་བ་མ་ཡིན་པའོ།། བརྩོན་འགྲུས་དེ་ནི་གང་འདེག་པ་མྱེད་ཅིང་གཞག་པ་མྱེད་པའོ།། བརྩོན་འགྲུས་དེ་ནི་གང་བླང་བ་མྱེད་ཅིང་དོར་བ་མྱེད་པའོ།། པཚོན་འགྲུས་དེ་ནི་གང་ལ་ཡང་བཅིངས་པ་མྱེད
263a3 པ་དང་། གྲོལ་བ་མྱེད་པའོ།། བརྩོན་འགྲུས་དེ་ནི་གང་རང་ལ་གནོད་པ་མྱེད་པ་དང་། ཕ་རོལ་ལ་གནོད་པ་མྱེད་པའོ།། བརྩོན་འགྲུས་དེ་ནི་གང་ལ་རྒྱགས་པ་མྱེད་པ་དང་། བག་མྱེད་པ་མ་ཡིན་པའོ།། བརྩོན་འགྲུས་དེ་ནི་གང
263a4 བྱ་བ་མྱེད་ཅིང་བྱེད་པ་པོ་མྱེད་པའོ།། བརྩོན་འགྲུས་དེ་ནི་གང་ལྟ་བར་མྱི་བྱེད་པ་དང་། རྣམ་པར་ལྟ་བར་མྱི་བྱེད་པའོ།། བརྩོན་འགྲུས་དེ་ནི་གང་ཞི་བར་མྱི་བྱེད་པ་དང་། རབ་ཏུ་འབར་བར་མྱི་བྱེད་པའོ།། བཚོན
263a5 འགྲུས་དེ་ནི་གང་བསྲུང་བར་མྱི་བྱེད་པ་དང་། བསྲུང་བ་དང་བྲལ་བ། མ་ཡིན་པའོ།། བརྩོན་འགྲུས་དེ་ནི་གང་ཀུན་ཏུ་མྱི་འོང་བ་དང་། འོང་།། བ་དང་བྲལ་བ་མ་ཡིན་པའོ།། བློ་གྲོས་རྒྱ་མཚོ་དེ་ལྟར་བཅོམ་ལྡན
263a6 འདས་དེ་བཞིན་གཤེགས་པ་བརྩོན་འགྲུས་འབར་བས་བརྩོན་འགྲུས་དང་རབ་ཏུ་ལྡན་པའི་གཏམ་འདི་དག་རྒྱ་ཆེར་ཡང་དག་པར་རབ་ཏུ་བཤད་པ་ན། སྲོག་ཆགས་ཁྲིས་མྱི་སྐྱེ་བའི་ཆོས་ལ་བཟོད་པར་ཐོབ་པར་གྱུར།
263a7 ཏོ།། བྱང་ཆུབ་སེམས་དཔའ་ཀོ་ཙ་སྲ་བས་བཅོམ་ལྡན་འདས་དེ་ལས་བརྩོན་འགྲུས་བསྟན་པ་དེ་ཟོས་ནས། དགེ་བའི་ཆོས་ཡོངས་སུ་བཙལ་བ་ལ་མངོན་པར་བརྩོན་ཏེ། བརྩོན་འགྲུས་བཚམས་ནས་གནས་པར་གྱུར་ཏོ།།
263a8 དེ་བརྩོན་འགྲུས་རྣམས་ཏེ་གཅེས་པ་མ་བོར་ཡང་། ལོ་བྱེ་བ་འདས་པ་དང་ཆུང་ངུའི་རྗེས་སུ་འཐུན་པའི་བཟོད་པ་ཐོབ་བོ།། དེ་བརྩོན་འགྲུས་བརྩམས་ཏེ། དགེ་བའི་ཆོས་ཡོངས་སུ་བཙལ་བ་ལ་མངོན་པར་བཚོན་པས་འདུ།
263a9 བཞིན་དུ་འཆི་བའི་དུས་བྱས་མོ།། དེ་ཤི་འཕོས་ནས་དེ་བཞིན་གཤེགས་པ་དེ་ཉིད་ཀྱི་རྒྱན་སྔ་ན་རྫུས་ཏེ་སྐྱེས་པར་གྱུརྡ་ནས། དེས་ཡང་དེ་བཞིན་གཤེགས་པ་དེ་ལས་འདུས་པ་ཆེན་པོའི་ལེའུའི་ཆོས་ཀྱི་རྣམ་གྲངས་འདི་ཆོས་ལ