| e-texts navigator |
| Wylie |
262b1 སྒྲུབ་པ་ནི་རིག་པ་དང་རྣམ་པར་གྲོལ་བའོ།། གཞན་ཡང་ཆོམ་པ་ནི་འཇུག་པའི་པྱོད་པའོ།། ཏུ་ལད་པ་ནི་དཀར་པོ་རྣམ་པར་མཐོང་བའི་གྱོད་པའོ།། སོ་སོར་རྟོག་པ་ནི་སེམས་ཤིནད་ཏུ་སྦྱངས་པའོ།། སྒྲུབ་པ་ནི་ཕྱིར་མྱི་ལྡོག་པའི
262b2 ཡེ་ཤེས་སོ།། བློ་གྲོས་རྒྱ་མཚོ་གཞན་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བརྩོན་འགྲུས་འབར་བ་དེས། བྱང་ཆུབ་སེམས་དཔའ་གོ་ཙ་སྲ་བ་ལ་འདི་སྐད་ཅེས་བཀའ་མཿལ་ཏོ།། རིགས་ཀྱི་བུ་འཚོན་འགྲུས་དེ་ནི་ག།
262b3 ལུས་དང་སེམས་ཡོངས་སུ་སྦྱངས་པའོ།། བརྩོན་འགྲུས་དེ་ནི་གང་རྒྱུ་དང་ལྟ་བ་དང་བྲལ་བའོ།། བརྩོན་འགྲུས་དེ་ནི་གར་རྩིར་དང་གཟུགས་ཡོངས་སུ་ཤེས་པའོ།། བརྩོན་འགྲུས་དེ་ནི་གང་རར་འཛིནད་པ་དང་། པ་ཡྀ
262b4 འཛིནད་པ་འགོག་པའོ།། བརྩོན་འགྲུས་དེ་ནི་གང་འཛིན་པ་དང་། འཆིང་བ་དང་འདོར་བའོ།། བརྩོན་འགྲུས་དེ་ནི་གང་བསྒྲུབ་པ་རྣམས་དང་། ཀུན་ནས་ལྡང་བ་རྣམས་རྣམ་པར་སེལྡ་པའོ།། འརྩོན་འགྲུས
262b5 དེ་ནི་གང་འགྱོད་པ་དང་། ཐེ་ཙོམ་སྤོང་བའོ།། བརྩོན་འགྲུས་དེ། ནི་གར་མདུད་པ་རྣམས་དང་ཟུག་རྔུ་རྣམས་ཡང་དག་པར་སེལ་པའོ།། །། བཚོན་འགྲུས་དེ་ནི་གང་དམྱིགས་པ་དང་། རྒྱུན་ཆད་པ་ལས
262b6 ཤིན་ཏུ་འདའ་བའོ།། འཚོན་འགྲུས་དེ་ནི་གང་ང་རྒྱལ་དང་། མངོན་པའི་ང་རྒྱལ་རྣམས་སྤོང་བའོ།། བརྩོན་འགྲུས་དེ་ནི་གང་ཞི་དང་གནས་ལས་ཤི་ན་ཏུ་འདའོ།། བརྩོན་འགྲུས་དེ་ནི་གང་རྗེས
262b7 སུ་ཆགས་པ་དང་། ཁོང་ཁྲོ་བ་སྤོང་བའོ།། འཚོན་འགྲུས་དེ་ནི་གང་མ་རིག་པ་དང་། སྲེད་པའི་སྲེད་པ་རབ་ཏུ་སྤངས་པའོ།། བརྩོན་འགྲུས་དེ་ནི་གང་ཆགས་པ་དང་ཞེ་སྡང་ཀུན་ཏུ་གྱི་རྒྱ་བའོ།། བརྩོན་འགྲུས་དེ་ནི་གང
262b8 གཏི་མུག་དང་། སོ་སོར་གྱི་རྟོག་པ་དང་བྲལ་བའོ།། འཚོན་འགྲུས་དེ་ནི་གང་ནང་ཕྱིའི་སྐྱེ་མཆེད་ནམས་ཡོངས་སུ་ཤེས་པའོ།། བཚོན་འགྲུས་དེ་ནི་ཀང་ཕུང་པོ་དང་ཁམས་རྣམས་གདོད་མ་ནས་སྐྱེ་བ་མྱེད་པའོ།། བརྩོན་འ
262b9 དེ་ནི་གང་སེམས་ཞི་བ་དང་རབ་ཏུ་ཞི་བ་དང་ཉེ་བར་ཞི་བའོ།། བརྩོན་འགྲུས་དེ་ནི་གང་རྣམ་པར་བསམས་ན། ཆོས་ཐམས་ཅད་མྱི་དམྱིགས་པའོ།། བཚོན་འགྲུས་དེ་ནི་གང་སེམས་སུ་མྱེད་ཅིང་གཉིས་སུ་དབྱེར་མྱེད་པའོ།།