| e-texts navigator |
| Wylie |
262a1 རྟོག་པ་ནི་བསམ་གཏན་གི་ཕ་རོལ་ཏུ་ཕྱིནད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིནད་པའོ།། སྒྲུབ་པ་ནི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིནད་པ་དང་།། ཐབས་ལ་མཁས་པའི་ཕ་རོལ་ཏུ་ཕྱིནད་པའོ།། གཞན
262a2 ཡང་ཆོམ་པ་ནི་སྦྱིན་པའོ།། རྟུལ་བ་ནི་སྙན་པར་སྦ་བའོ།། སོ་སོར་རྟོག་པ་ནི་དོན་བྱེད་པའོ།། སྒྲུབ་པ་ནི་དོན་མཐུན་པའོ།། གཞན་ཡང་ཆོམ་པ་ནི་བྱམས་པ་ཆེན་པོའོ།། བརྟུལ་བ་ནི་སྙིང་རྗེ་ཆེན་པོའོ།། སོ་སོར་རྟོག
262a3 པ་ནི་དགའ་བ་ཆེན་པོའོ།། བསྒྲུབ་པ་ནི་བཏང་སྙོམས་ཆེན་ཐ་ལ།། གཞན་ཡང་ཆོམ་པ་ནི་ཞིང་ཡོངས་སུ་དག་པར་བྱེད་པའོ།། བརྟུལ་བ་ནི་མཚན་དང་དཔེལ་བྱང་བབང་པོ་ཡོངས་སུ་རྫོགྲོ་པར་བྱེད་པའོ།། སོ་སོར་རྟོག་པ་ནི།
262a4 དམ་པའི་ཆོས་ཡོངས་སུ་འཛིན་པའོ།། བསྒྲུབ་པ་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའོ།། གཞན་ཡང་ཆོམ་པ་ནི་ཕུང་པོ་བདུད་ཡོངས་སུ་ཤེས་པའོ།། རྟུལ་བ་ནི་ཉོན་མོངས་པའི་བདུད་ལས་ཤིན་ཏུ་འདའོ།།
262a5 སོ་སོར་རྟོག་པ་ནི་འཆི་བདག་གི་བདུད་རྣམ་པར་སྤོང་བའོ།། སྒྲུབ་པ་ནི་ལྕིཊི་བདུད་འཕམ་པར་བྱེད་པའོ།། གཞན་ཡང་ཆོམ་པ་ནི་སྡུག་བསྔལ་ཡོངས་སུ་ཤེས་པའོ།། རྟུལ་པ་ནི་ཀུན་འབྱུང་བ་སྤོང་པོ།
262a6 སོ་སོར་རྟོག་པ་ནི་ལམ་བསྒོམ་པའོ།། བསྒྲུབ་པ་ནི་མངོན་གསུ་མ་དུ་བྱེད་པོ། གཞན་ཡང་ཆོམ་པ་ནི་ལུས་ཞུགས་པའི་དྲན་པའོ།། རྟུལ་བའི་ཚོར་བ་ལ་ཞུགས་པའི་དྲན་པའོ།། སོ་སོར་རྟོག་པ་སེམས
262a7 ལ་ཞུགས་པའི་དྲན་པའོ།། སྒྲུབ་པ་ནི་ཆོས་ལ་ཞུགས་པའི་དྲན་པའོ།། གཞན་ཡང་ཆོམ་པ་ནི་དད་པའོ།། རྟུལ་བ་ནི་བརྩོན་འགྲུས་སོ།། སོ་སོར་རྟོག་པ་ནི་བརྩོན་འགྲུས་སོ།། སོ་སོར་རྟོག་པ་ནི་དྲན་པ་དང་ཏིང་ངེ་འཛིན
262a8 ཏོ།། སྒྲུབ་པ་ནི་ཤེས་རབ་ཟོའོ། གཞན་ཡང་ཆོམ་པ་ནི་མྱི་དགེ་བའི་ཆོས་སྤོང་བའོ།། རྟུ་ལད་པ་ནི་དགེ་བའི་ཆོས་ཡོངས་སུ་རྫོགས་པར་བྱེད་པའོ།། སོ་སོར་རྟོག་པ་ནི་ལུས་དང་སེམས་ལས་སུ་རུང་བར་བྱེད་པའོ།།
262a9 བསྒྲུབ་པ་ནི་མངོན་པར་འདུ་བྱ་བ་མྱེད་པའི་རྫུ་འཕྲུལ་རབ་ཏུ་ཐོབ་པར་བྱེད་པའོ།། གཞན་ཡང་ཆོམ་པ་ནི་བྱང་ཆུབ་ཀྱི་ཡན་ལག་རྣམས་ལའོ།། རྟུལ་བའ་ནི་ལམ་མོ། སོ་སོར་རྟོག་པ་ནི་ཞི་གནས་དང་ལུག་མཐོང་ལ་འོན