| e-texts navigator |
| Wylie |
261b1 སུ་སྦྱིན་པར་བྱེད་པའོ།། སྒྲུབ་པ་ནི་དེ་བྱ་བ་བྱེད་པའོ།། གཞན་ཡང་མོམ་པ་ནི་བྱ་བ་ཡང་དག་པར་སྒྲུབ་པའོ།། རྟུལ་པ་ནི་བྱ་བ་ཉམས་འོག་ཏུ་ཆུད་པར་བྱེད་པའོ།། སོ་སོར་རྟོག་པ་ནི་ཐེག་པ་གཞན་ལ་མྱི་རེ་བའོ།། བསྒྲུ
261b2 པ་ནི་ལས་ཀྱི་རྣམ་པར་སྦྱིན་པ་ཆུད་མྱི་གསོན་པའོ།། གཞན་ཡང་ཆོམ་པ་ནི་དྲན་པའོ།། རྟུལྡ་པ་ནི་རྟོགས་པའོ།། སོ་སོར་རྟོག་པ་ནི་བློ་གྲོས་སོ།། བསྒྲུབ་པ་ནི་མོས་པའོ།། གཞན་ཡང་ཆོམ་པ་ནི་རིགས་པའོ།། རྟུལ་བ་ནི
261b3 ཚུལ་ལོ།། སོ་སོར་རྟོག་པ་ནི་སྐེའོ།། བསྒྲུབ་པ་ནི་འབྱུང་བའོ།། གཞན་ཡང་ཆོམ་པ་ཚིག་འབྲུ་ཀུན་ཆུབ་པར་བྱེད་པའོ།། བརྟུལ་པ་ནི་ཚིག་འབྲུ་འཛིན་པའོ།། སོ་སོར་རྟོག་པ་ནི་ཚིག་འབྲུ་སེལྡ་པའོ།། བསྒྲུབ་པ་ནི
261b4 ཆོས་བརྗོད་དུ་མྱེད་པར་རྟོགས་པའོ།། གཞན་ཡང་ཆོམ་ནི་དགེ་བའི་བཤེས་གཉེན་ལ་སྟེན་པའོ།། བརྟུལ་བ་ནི་སྡིག་པའི་གྲོགས་པོ་ཡོངས་སུ་སྤོང་བའོ།། སོ་སོར་རྟོག་པ་ནི་མཛའ་བ་འམ། མྱི་མཛ་བ་རྣམས་ལ་སེམས་སྨོས
261b5 པའོ།། བསྒྲུབ་པ་ནི་ཇི་སྐད་སྦས་པའི་ཚིག་དང་མྱི་འགལ་བར་བྱེད། པའོ།། གཞན་ཡང་ཆོམ་པ་ནི་རབ་ཏུ་བྱུང་བའི་སེམས་སོ།། ལ་ནི་དཀའ་བ་དང་། མྱི་དཀའ་བ་ལ་གྱི་ལྟའོ།། སོ་སོར་རྟོག་པ་ནི
261b6 དགེ་བའི་ཅི་ཞེས་ཚོལ་བའོ།། སྒྲུབ་པ་ནི་གཞན་ལ་རག་མ་ལསཔར་ཡེ་ཤེས་རབ་ཏུ་ཐོབ་བོ།། གཞན་ཡང་ཆོམ་པ་ནི་དཀོན་པ་ལ་ཀ་ནས་པའོ།། རྟུལ་བའི་ནི་འདུ་འཇིལ་མྱི་དཀའ་བའོ།། སོ་སོར་རྟོག
261b7 པ་ནི་དབེན་པར་གནས་པ་ལ་དགའ་བའོ།། སྒྲུབ་པ་ནི་ཉོན་མོངས་པ་མྱེད་པར་གནས་པའོ།། གཞན་ཡང་བཆོམ་པ་ནི་འདོད་པ་ཆུང་བའོ།། རྟུལ་བ་ནི་ཆོ་ག་ཤེས་པའོ།། སོ་སོར་རྟོག་པ་ནི་དཀར་སླ་བའོ།། བསྒྲུབ་པ་ནི
261b8 རུང་བ་ལ་ཆོད་ཤེས་སོ།། གཞན་ཡང་ཆོམ་པ་ནི་ལྷག་པའོ།། ཚུལ་ཁྲིམས་ལ་སློབ་པའོ།། རྟུལ་བ་ནི་ཚུལ་ཁྲིམས་ཀྱི་སྤྱོད་པའོ།། སོ་སོར་རྟོག་པ་ནི་ལྷག་པའི་སེམས་ལ་སློབ་བོ།། བསྒྲུབ་པ་ནི་ལྷག་པའི་ཤེས་རབ
261b9 ལ་སློབ་པའོ།། གཞན་ལ་ཡང་ཚོལ་བ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིནད་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱི་དད་པའོ།། བརྟུལ་བ་ནི་བཟོད་པའི་ཕ་རོལ་ཏུ་ཕྱིནད་པ་དང་། འཚོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱི་ནད་པའོ།། སོ་སོར