| e-texts navigator |
| Wylie |
261a1 བསྒྲུབ་པ་ནི་འཕགས་པའི་ཡང་དག་པའི་ལྟ་བའོ།། གཞན་ཡང་བཅོམ་པ་ནི་སེར་སཱའི་སེམས་ཆད་གཅོད་པའོ།། རྟུལྡ་པ་ནི་བདོག་པ་ཐམས་ཅད་ཡོངས་སུ་གཏོང་བའོ།། སོ་སོར་རྟོག་པ་ནི་སེམས་ཅན་ཐམས
261a2 ཅད་དང་། ཐུན་མོང་དུ་བྱང་ཆུབ་ཏུ་ཡོངས་སུ་སྔོའོ།། བསྒྲུབ་པ་ནི་རྣམ་པར་སྦྱིན་པ་ལ་མྱི་རེ་བའོ།། གཞན་ཡང་ཆོམ་པ་ནི་གཏོང་བ་ཆེན་པོ་བསྒྲོགས་པའོ།། རྟུལ་བ་ནི་གར་སློབ་པ་པོ་རྣམས་ལ་དགེ་བའི་བཤེས་གཉེན་དུ
261a3 འདུ་ཤེས་པའོ།། སོ་སོར་རྟོག་པ་ནི་ཀྱེ་མའོ་ལོངས་གྱོད་འདི་དག་མྱི་རྟག་པའོ་སྙམ་པའོ།། བསྒྲུབ་པ་ནི་བྱིན་ནས་འགྱོད་པ་མྱེད་པའོ།། གཞན་ཡང་ཆོམ་པ་ནི་ཆོས་ཀྱི་ལོངས་གྱོད་ཡོངས་སུ་ཚོལ་བའོ།། བརྟུལ་པ་ནི་འཚོ་བ
261a4 ན་ཡོངས་སུ་དག་པའོ།། སོ་སོར་རྟོག་པ་ནི་བདག་གིས་སྙིང་པོ་བླངས་པར་འགྱུར་བའོ་སྙམ་པའོ།། བསྒྲུབ་པ་ནི་སྦྱིན་པས་རློམ་པ་མས་སུ་མྱི་བྱེད་པའོ།། གཞན་ཡང་ཆོམ་པ་ནི་འཆལ་པའི་ཚུལ་ཁྲིས
261a5 ཀྱི་དྲི་མ་སེལྡ་པའོ།། བརྟུལ་བ་ནི་ཚུལ་ཁྲིམས་དང་། བརྟུལ་ད། ཞུག་ས་མ་ཉམས་པའོ།། སོ་སོར་རྟོག་པ་ནི་ཚུལ་ཁྲིམས་འཆ། ལད་པའི་སེམས་ཅན་ཡོངས་སུ་སྦྱིན་པར་བྱེད་པའོ།། བསྒྲུབ་པ
261a6 ནི་ཚུལ་ཁྲིམས་ཀྱི་ཡོན་ཏན་གིས་རློམ་སེམས་སུ་མྱི་བྱེད་པའོ།། གཞན་ཡང་ཆོམ་པ་ནི་ལུས་ཡོངས་སུ་དག་པའོ།། བརྟུལྡ་པ་ནི་ངཿ། ཡོངས་སུ་དག་པའོ།། སོ་སོར་རྟོག་པ་ནི་སེམས་ཡོངས་སུ་དག་པོ།།
261a7 བསྒྲུབ་པ་ནི་ཆོས་ཡོངས་སུ་དག་པའོ།། གཞན་ཡང་ཚོ་བ་ནི་གནོད་སེམས་ཀྱི་སྐབས་མྱེད་པའོ།། བརྟུལ་པ་ནི་བཟོད་པའི་སྟོབས་རྣམས་པར་རིག་པའོ།། སོ་སོར་རྟོག་པ་ནི་བདག་དང་གཞན་སྲུང་བའོ།། བསྒྲུབ་པ་ལ
261a8 ནི་བཟོད་པས་རློམས་སུ་མྱི་བྱེད་པའོ།། གཞན་ཡང་རྩོམ་པ་ནི་གཤེ་བ་དང་། སྡང་བ་དང་། དད་པར་བྱེད་པའོ།། བརྟུལ་བ་ནི་གཞི་བ་དང་། སྡང་བའི་འདྲིས་པར་མྱི་བྱེད་པའོ།། སོ་སོར་རྟོག་པ་ནི་ནང་ཡོངས་སུ་གདུང་བ་མྱེད་པར
261a9 བྱེད་པའོ།། བསྒྲུབ་པ་ནི་བདག་དང་གཞན་གྱི་དམྱིགས་པའོ།། གཞན་ཡང་ཆོམ་པ་ནི་ལེ་ལོའི་དྲི་མ་སེལ་པའོ།། རྟུལ་པ་ནི་འཚོན་འགྲུས་ཀྱི་དྲི་མ་ལས་དབེན་པའོ།། སོ་སོར་རྟོག་པ་ནི་སེམས་ཅན་ལེ་ལོ་ཅན་ཡོངས