| e-texts navigator |
| Wylie |
260b1 བཅུ་མ་དྲུག་ཏུ་གྱུར་ཏོ།། དེ་ན་ཁྱིམ་པ་དང་རབ་ཏུ་བྱུང་བ་ཚད་མྱེད་པ་དག་ཀྱང་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པར་གྱུར་ད་པ་དག་གོ།། བློ་གྲོས་རྒྱ་མཚོ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འརྩོན་འགྲུས་འབུར་བ་དེས།
260b2 བྱང་ཆུབ་སེམས་དཔའ་དེ་དག་ལ་བྲེམ་བུ་དས་པ་བྱེད་ཀྱིས་བསོར་འགྲུས་མོ་མཞིས། བྱེད་རྟག་ཏུ་རྟུལ་པ་བརྟན་པ་དང་། འཐུན་པ་དྲན་པོར་གྱིས་ཞིག། རྟག་ཏུ་གཅེས་པ་མ་འདོ་ཅིག་ཅེས་འརྩོན་འགྲུས་དང་ལྡན་པའི་ག
260b3 ཉིད་རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་ཏོ།། བློ་གྲོས་རྒྱ་མཚོ་དེའི་ཚེ་དེའི་དུས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀོ་ཙ་སྲ་བ་ཞེས་བྱ་བ། བྱང་ཆུབ་སེམས་དཔའི་འཁོར་དེར་འདུས་པར་གྱུརྡ་པ་དེས། བཅོམ་ལྡན
260b4 འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཇི་ས་མ་བྱང་ཆུབ་སེམས་དཔལ་བརྩོན་འགྲུས་བཐམས་པ་ལགས།། དེ་བཞིན་ས་ཤེགས་པས་བྱང་ཆུབ་སེམས་དཔའ་རྣམས་ལ་གནང་བའི་མཚོན་འགྲུས
260b5 གང་ལགས། བློ་གྲོས་རྒྱ་མཚོས་དེ་སྐད་ཅེས་གསོལྡ་པ་དང་། བཅོམ། ལྡན་འདས་དེ་བཞིན་གཤེགས་པ་བརྩོན་འགྲུས་འབར་བ་དེས། བྱང་ཆུབ་སེམས་དཔའ་གོ་ཆ་བརྟན་པ་ལ་འདི་སྐད་ཅེས་བཀའ་#
260b6 ཏོ།། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་ཆོས་པས་ཅད་མུད་པར་འགྱུར་བའི་འཚོན་འགྲུས་ནི་བཞི་པོ་འདི་དག་སྟེ། གང་ཞེ་ན། འདི་ལྟ་སྟེ་མོམ་པ་དང་། བརྟུལ་བ་དང་། སོ་སོར་རྟོག
260b7 པ་དང་། སྒྲུབ་པ་སྟེ་རིགས་ཀྱི་བུ་བརྩོན་འགྲུས་བཞི་པོ་འདི་དག་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་ཆོས་ཐམས་ཅད་སྐུད་པར་འགྱུར་བའོ།། དེ་ལ་བརྩོན་པ་ནི་གང་། བརྟུལ་པ་ནི་གང་། སོ་སོར་རྟོགས་པ་ནི་ཀར
260b8 བསླབ་པ་ནི་གང་ཞེ་ན། རིགས་ཀྱི་བུ་ཆོམ་པ་ཞེས་བྱ་བ་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པའོ།། བརྟུལྡ་པ་ཞེས་བྱ་བ་ནི་དགེ་བའི་ཚ་བ་ཐམས་ཅད་ཡང་དག་པར་སྒྲུབ་པའོ།། སོ་སོར་རྟོགས་པ་ཞེས་བྱ་བ་ནི། སེམས་ཅན
260b9 ཅད་ལ་ཕན་པའི་དངོས་པའོ།། བསྒྲུབ་པ་ཞེས་བྱ་བ་ནི་དེ་བྱེད་པའི་ཆོས་ལ་བཟོད་པའོ།། གཞན་ཡང་མོམ་པ་ནི་ཐོས་པ་ཡོངས་སུ་ཚོལ་བའོ།། བརྟུལ་པ་ནི་འོས་སྟོནད་པའོ།། སོ་སོར་རྟོགས་པ་ནི་ཚུལ་བཞིན་བྱེད་།