e-texts navigator
Collection
Volume
Page
Wylie

260a1 བ་སྐྱེས་ནས།། པད་མ་འདི་དག་བྱུང་བའི་ཇི་སྙེད་པ་དེ་སྙེད་ཀྱི། ཡང་དག་པར་རྫོགས་པའི་སངས་རྒྱས་འཇིག་རྟེན་དུ་འབྱུང་བར་འགྱུར་ཏེ། ཀྱེ་མ་བསྐལ་པ་མེ་ཏོག་གི་འབྱུང་གནས་འདི་ནི་སངས་རྒྱས་བརྩེ
260a2 ལྡན་འདས་རྣམས་ཀྱིས་སྟོངས་པར་མྱི་འགྱུར་རོ།། ཞེས་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་དོ།། དེ་ལྟར་ན་མྱེ་ཏོག་གི་འབྱུང་གནས་ཤེས་བསྐལ་པ་དེའི་མྱིར་ཆགས་སོ།། བློ་གྲོས་རྒྱ་མཚོ་ཅིའི་ཕྱིར་འཇིག་རྟེན་གི་ཁམས་དེ་ཤིན་ཏུ་རྣམ
260a3 པར་བལྟས་པ་ཞེས་བྱ་བ་ཞེ་ན། ཇི་ཙམ་དུ་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་རྣམས་ནས། བྱང་ཆུབ་སེམས་དཔའ་གྲངས་མྱེད་དཔག་ཏུ་མྱེད་པ་གང་དག་འཇིག་རྟེན་གི་ཁམས་དེ་རྣམ་པར་བལྟ་བའི་ཕྱིར་ལྷགས་པ་དེ་དག་གིས།
260a4 འཇིག་རྟེན་གི་ཁམས་དེ་ལ་རྣམ་པར་བལྟས་མ་ཐག་ཏུ་དགའ་བའི་རྣམ་པ་ཞེས་བྱ་བའི་ཏིང་ངེ་འཛིན་རབ་ཏུ་ཐོ་བ་སྟེ། བདེ་བ་ཐམས་ཅད་ཀྱིས་ཚིམ་པར་འགྱུར་བ་དེ་ཙམ་དུ་འཇིག་རྟེན་གི་ཁམས་དེ་ཡོངས་སུ་དག་པར་གྱུར་ད་ཏེ
260a5 དེའི་ཕྱིར་འཇིག་རྟེན་གི་ཁམས་དེ་ཤིན་ཏུ་རྣམ་པར་བལྟས་པ་ཞེས་བྱ།། འོ།། བླ་གྲས་རྒྱ་མཚོ་འཛག་རྟེན་ཀ་ཁམས་ད་ཤིན་ཏུ་རྣམ་པར་བལྟ། ས་པ་ཞེས་བྱའོ།། བློ་གྲོས་རྒྱ་མཚོ་འཇིག་གི་ཁམས་དེ་ན་རིན་པོ་ཆེ
260a6 སྔ་བདུན་ཕྲག་སྟོང་གནས་པར་འགྱུར་རོ།། རིན་པོ་ཆེའི་ཞིང་ལྗོན་པ་དང་། རིན་པོ་ཆེའི་ཁང་པ་ཆགས་པ་རྣམས་ཀྱང་ཀུན་ཏུ་གསལ་བར་གྱུར། ཏོ།། འཇིག་རྟེན་གི་ཁམས་དེ་ན་བུད་མྱེད་ཀྱི་བག་མྱེད་པར་གྱུར་དཅི
260a7 མངལ་ན་གནས་པ་མྱེད་པ་དེ་ལ་སེམས་ཅན་དེ་དག་ཐམས་ཅད་ཀྱང་པད་མ་རྣམས་ལ་སྐྱེས་མོ་ཀྲུང་བཅས་ཏེ་འཁོད་པར་རྫུས་ཏེ་བྱུང་ངོ་།། འཇིག་རྟེན་གི་ཁམས་དེ་ན་ཐེག་པ་ཆེན་པོ་མ་གཏོགས་པར་ཐེག་པ་གཞན་རྣམ་པར་གཞག
260a8 པ་མྱེད་པར་གྱུར་ཏོ།། ལྷ་དང་ཀྱི་དེ་དག་ཀྱང་ཡོངས་སུ་པྱོད་པ་དག་ནི་དགའ་ལྡན་ཀི་ལྷ་དང་འདྲ་བ། བཟའ་བ་དང་། བཏུང་བ་བསམས་པས་འབྱོརྡ་པ།། མངོན་པར་ཤེས་པས་རྣམ་པར་ཆེན་པ་ནམ་མཁའ་ལ་རྒྱ་བར
260a9 གོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འརྩོན་འགྲུས་འབར་བའི་བྱང་ཆུབ་སེམས་དཔའི་དགེ་འདུན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཏུ་བྱུང་བར་གྱུར་ད་པའི་བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་སུམ




iiif viewer powered by OpenSeadragon

259b - 260b

Texts on this page

Ng4.3 - 'phags pa blo gros rgya mtshos zhus pa zhes bya ba'i theg pa chen po'i mdo