| e-texts navigator |
| Wylie |
259b1 དཔའ་རྟག་ཏུ་བརྟུལ་བ་བརྟན་པ་དང་། འདུན་པ་ཆེར་བྱའོ།། གཅེས་པ་མྱི་འདོར་བར་བྱའོ།། བློ་གྲོས་རྒྱ་མཚོ་བརྩོན་འགྲུས་ཉམས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ནི། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ
259b2 རྙེད་པར་དཀའ་བ་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། བློ་གྲོས་རྒྱ་མཚོ་གང་ན་འརྩོན་འགྲུས་ཡོད་པ་དེ་ན་བྱང་ཆུབ་ཡོད་དོ།། ལེ་ལོ་ཅན་རྣམས་ལ་ནི་བྱང་ཆུབ་ཤིན་ཏུ་རིང་ཞིང་རྣམ་པར་རིང་ངོ་།། ལེ་ལོ་ཅན་ལ་སྦྱིན་པ་མྱེད་དོ།།
259b3 ལེ་ལོ་ཙམ་ལ་ཚུལ་ཁྲིམས་མྱེད་དོ།། ལེ་ལོ་ཅན་ལ་འཟོད་པ་མྱེད་དོ།། ལེ་ལོ་ཅན་ལ་བརྩོན་འགྲུས་བྱེད་དོ།། ལེ་ལོ་ཅན་ལ་བསམ་གཏན་མྱེད་དོ།། ལེ་ལོ་ཙམ་ལ་ཤེས་རབ་བྱེད་དོ།། ལེ་ལོ་ཅམ་ལ་བདག་གི་དོན་མྱེད་དོ།། ལེ
259b4 སོ་ཅན་ལ་གཞན་གི་དོན་བྱེད་དོ།། བློ་གྲོས་རྒྱ་མཚོ་རྣམ་གྲངས་འདིས་། ཇི་ལ་ཇི་ལྟར་བརྩམས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ཐ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རྙེད་དཀའ་བ་མ་ཡིན་པའོ།།
259b5 པར་བྱའོ།། བློ་གྲོས་རྒྱ་མཚོ་སྔོན་བྱུང་བ་འདས་པའི་དུས་ན། གྲངས་མྱེད་པ་བདུར་བར་གྱུར་ད་པ་དེའི་ཚེ་དེའི་དུས་ན། བསྐལ་པ་འི་མྱེ་ཏོག་གི་འཐུང་གནས་ལ། ཤིནང་ཏུ་རྣམ་པར་བལྟས་པའི
259b6 འཇིག་རྟེན་གི་ཁམས་སུ་བཅོམ་ལྡན་འདས་བརྩོན་འགྲུས་འབར་བ་ཞེས་བྱ་བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སང་ས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ
259b7 འཇིག་རྟེན་མཁྱེནད་པ། སྐྱེས་བུ་འདུལ་བའི་ཥ་ལོ་སྒྱུར་བ། བླ་ན་མྱེད་པ་ལྔ་དང་མྱི་རྣམས་ཀྱི་སྟོནད་པ། སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་བྱུང་ངོ་།། ཅིའི་ཕྱིར་སྐལ་དེ་པ་མེ་ཏོག་གི་འབྱུང་གནས་ཤེས་བྱ་ཞེ་ན།
259b8 བློ་གྲོས་རྒྱ་མཚོ་སྟོང་གསུམ་གི་སྟོང་ཆེན་པོའི་འཇིག་རྟེན་གི་ཁཾས་དེ་ཚིག་སྟེ། ཆུས་འཇིག་པ་བྱུང་བ་ན། པད་མ་ལོ་མ་བྱེ་བ་བརྒྱ་སྟོང་ཕྲག་དུ་མ་དང་ལྡན་པ། རྣམ་པར་བཀྲ་བ་བལྟ་ན་སྡུག་པ་བརྒྱད་ཟི་བཞི་སྟོང་ཟུང་ནས
259b9 དེ་དག་ཐམས་ཅད་ཀྱིས་ཆུའི་ཕུང་པོ་དེ་རྒྱས་པར་བཀང་སྟེ་གནས་སོ།། དེ་ནས་གནས་གཙང་མའི་རིས་ཀྱི་ལྔ་དག་གིས། པད་མ་དེ་དག་མཐོང་ནས་ཚིམ་ཞིང་མགུ་ལ་ཡིད་རངས་ཤིང་རབ་ཏུ་དགའ་སྟེ། དགའ་བ་དང་ཡིད་བདེ