| e-texts navigator |
| Wylie |
258b1 ཅིང་པྲ་ལ་དྲི་མྱེད་ཅིང་ཡང་བྱེད།། དེ་བས་མྱི་གང་རྣམ་འཆང་རྒྱ་འདོད་པ།། དེས་འདིར་ཆོས་རྣམས་ལ་ནི་ཐོགས་ཀྱི་བྱ།། ཡེ་ཤེས་ཤིན་ཏུ་དག་ཅིང་བཅོས་མ་སྦྱིན།། ཀུན་ཏུ་སྐུར་བར་གྱུརྡ་ཅིང་འོད་གས་ལང་ཏྱེ།། དྲི་རྩེ།
258b2 ཕྱག་རྒྱ་ལ་ནི་རབ་གནས་པས།། བྱང་ཆུབ་དམ་པ་འདི་ལ་རེག་པར་ནུས།། སྔོན་གི་མཐའ་འམ་ཕྱི་མའི་མཐར་ཡང་རུང་།། སེམས་ནི་དག་ཅིང་རང་བཞིན་འོད་གསལ་མི།། ཉིན་མོངས་ཀར་གིས་ཡིད་ནི་ཉེ་ཉོན་མོ
258b3 དེ་དག་ཚུལ་བཞིན་གྱིས་ནི་ཡོངས་སུ་སྤང་།། འདི་ལ་བྱེད་པོ་མྱེད་ཅིང་ཚོར་པོ་མྱེད།། ཆོས་རྣམས་ཐམས་ཅད་རྗེ་བྱེད་ཡ་མ་ན།། གང་ཟག་མྱེད་ཅིང་བདག་གིས་བདག་མྱེད་བསྟན།། རྨྱི་ལམ་ངོ་བོ་ཉིད་དེ་ནམ་མཁའ་འདྲ།།
258b4 འདི་དག་ལུས་ཀྱི་ལས་ཀྱིས་རབ་བྱེ་གྱིད།། ངག་གམ་སེམས་ཀྱིས་རྣམ་པར་བརྟགས་མ་ཡིན།། ཡང་དག་ཏུ་ན་བྱས་མྱིན་གཞན་མྱིན་ཏེ།། ། དེ་དག་ལ་ནི་དཔེའ་བྱར་གྱི་ནུས་སོ།། ནམ་མཁའ་མཚུངས་ཤིང
258b5 དྲི་མྱེད་ངོ་བོ་ཉིད།། གཟུགས་ཅན་མ་ཡིན་བསྟན་ཏུ་ཡོད་མ་ཡིན། མྱིག་གིས་ཤེས་བྱ་མ་ཡིན་ན་རྫས་བྱིན།། ལྕེ་དང་ལུས་རང་ཡིད་ན། མས་ཀྱིས་ཀྱང་ཕྱིན།། མཚན་ཉིད་མ་ཡིན་མཚན་ཉིད་རྣམ་པར་སྔོ།
258b6 ཞི་བ་གནས་མྱེད་ཟླ་བའི་གཟུགས་བརྙན་འདྲ།། དེ་ལ་སེམས་ཀྱི་རྒྱུ་སྟེ་ཡིད་ཀྱང་བྱིན།། རྣམ་ཤེས་མ་ཡིན་འདུ་ཤེས་སེམས་དཔའ་མྱིན།། དེ་དག་མྱི་ཤེས་ལས་དང་དེ་བཞིན་དུ།། རྣམ་པར་ཤེས་པའི་ལས
258b7 ཀྱིས་ཤེས་མྱི་ནུས།། ཡི་གེ་རྣམས་ཀྱིས་ཆོས་འདི་བསྙད་པ་དང་།། སངས་རྒྱས་ཐུགས་རྗེ་འདི་ནི་བླ་ན་མྱེད།། སེམས་ཅན་གང་དག་སྔོན་ཆད་བྱས་ལྡན་ཞིང་།། དགེ་བའི་བཤེས་གཉེན་གིས་ཀྱང་ཡོངས་ཟིན་པ།། དེ་ད
258b8 འདི་ད་དྲའི་ཆོས་འདི་ཐོས་ནས་ནི།། དགའ་བ་རྒྱ་ཆེན་ཟང་ཟིང་མྱེད་པ་ཐོབ།། འདི་ནི་ཅི་སེམས་ཅི་ཞིག་བྱེད་ཅིག་ཅེས།། དེ་དག་བདུད་ཀྱིས་སྐྱོན་ཆགས་མྱི་རྙེད་དེ།། སེམས་དང་སེམས་ཀྱི་འཁྱོད་ཡུལ་མྱི་ཤེས་ན། བར་དུ་བཅུ
258b9 ལས་བྱེད་པར་ཀ་ལ་འགྱུར།། བདུད་བཞི་འདི་ལས་ཤིན་ཏུ་འདས་ནས་ནི།། རིགས་པ་དང་ནི་བློ་དང་བསོད་ནམས་དང་།། ཚུལ་གི་སངས་རྒྱ་མོ་ཀྱང་ཡུལ་རབ་གནས་པ།། བྱང་ཆུབ་འགྱོད་པ་དམ་པ་འདི་ལ་གྱོད།། གང་ཞིག